བོད་དོན་བསྔོ་སྨོན།

2013-02-27
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
བོད་དོན་བསྔོ་སྨོན།
བོད་བསྟན་སྲིད་ཀྱི་དོན་དུ་རང་སྲོག་བློས་གཏོང་གནང་མཁན་འདས་གསོན་རྣམས་ཀྱི་ཆེད་དུ་དམིགས་ཏེ་བསྔོ་སྨོན་གནང་བའི་འཆར་སྣང་།
བོད་ནས་བཏང་འབྱོར།

༄༅ ། ། སྐྱེ་རྒུ་མདོ་ཁྲི་འདུ་རྫོང་ཁུངས་སུ་གཏོགས་པའི་ཉ་མཚོ་ཟིལ་དཀར་དགོན་སྡེ་གཉིས་ཀྱིས་བོད་ཟླ་༡ ཚེས ༡༥ཆོ་འཕྲུལ་དུས་ཆེན་གྱི་ཉིན་ནམ་རྒྱུན་དགོན་པ་འདིའི་བཅོ་ལྔའི་ཞིང་བསྒྲུབ་དགོང་མོ་ཕྱག་ཚོད ༧པ་ཙམ་ནས་ཕྱག་ཚོད༡༢མ་ཟིན་ཙམ་དུ་ཚོགས་ཀྱི་ཡོད་ནའང་ད་ལོ་ཆོ་འཕྲུལ་སྨོན་ལམ་སྐབས་ཉིན་རྒྱབ་ཏུ་ཕྱག་ཚོད ༣ཐོག་ནས་འཛམ་གླིང་ཞི་བདེ་དང་བོད་བསྟན་སྲིད་ཀྱི་དོན་དུ་རང་སྲོག་བློས་གཏོང་གནང་མཁན་འདས་གསོན་རྣམས་ཀྱི་ཆེད་དུ་དམིགས་ཏེ་དགེ་འདུན་པ་ ༦༠༠ ཙམ་དང་མི་མང་༡༠༠༠མཉམ་འཛོམས་ཐོག    སྐྱ་སེར་ཕོ་མོ་དབྱེར་མེད་ཀྱིས་བསྔོ་སྨོན་གསུང་འདོན་གནང་བ་དང་མི་མང་རྣམས་ཀྱིས་དགེ་འདུན་ལ་བསྙེན་བཀུར་ཟབ་རྒྱས་ཞུས་ནས་ཕྱག་ཚོད ༧པ་བར་དུ་ཚོགས་འདུག
ཕྱོགས་མཚུངས་བོད་ཀྱི་ལོ་གསར་ཚེས་༡ཉིན་བོད་བསྟན་སྲིད་ཆེད་རང་སྲོག་བློས་གཏོང་གནང་མཁན་འདས་གསོན་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ཆེད་དུ་ཆོས་ཕྱོགས་ཀྱི་བྱེད་སྒོ་མཆོད་འབུལ་སྨོན་ལམ་གསུང་ཡོད་པས་མ་ཟད།    དགོན་པ་འདིར་ཉིན་གསུམ་གྱི་རིང་ཆོས་ཕྱོགས་ཀྱི་བྱེད་སྒོ་ཙམ་མ་གཏོགས་ལོ་གསར་པའི་གུང་སེང་རྣམ་པར་སྲུང་བརྩི་གནང་མིན་འདུག

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།