དུས་འཁོར་དབང་ཆེན་གྱི་གོ་སྒྲིག་ཆ་ཚང་ཡག་པོ་འགྲོ་བཞིན་པ།

2017-01-08
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
རྒྱལ་ཁབ་ ༩༠ ཙམ་ནས་ཆོས་ཞུ་བ་འབུམ་ ༢ ཙམ་འཛོམས་རྒྱུ་ཡིན་སྐོར་གསུངས་པའི་གནས་ཚུལ།
རྒྱལ་ཁབ་ ༩༠ ཙམ་ནས་ཆོས་ཞུ་བ་འབུམ་ ༢ ཙམ་འཛོམས་རྒྱུ་ཡིན་སྐོར་གསུངས་པའི་གནས་ཚུལ།
སངས་རྒྱས་རྒྱ་མཚོ།

༄༅༎བོད་མིའི་སྒྲིག་འཛུགས་དུས་དབང་གོ་སྒྲིག་ཚོགས་ཆུང་གིས་ཐེངས་འདིའི་དུས་དབང་ ༣༤ བར་རྒྱལ་ཁབ་ ༩༠ ཙམ་ནས་ཆོས་ཞུ་བ་འབུམ་ ༢ ཙམ་འཛོམས་རྒྱུ་ཡིན་སྐོར་གསུངས་པའི་གནས་ཚུལ་འདུག དེ་ཡང་ཁ་སང་གནས་མཆོག་རྡོ་རྗེ་གདན་གྱི་གསུང་ཆོས་ར་བར། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཆོས་ཞུ་བ་ཡོངས་ལ་ཕྱི་ལོ་གསར་པར་འཚམས་འདྲི་དང་སྦྲགས། ད་ལྟའི་ཆར་དུས་འཁོར་དབང་ཆེན་གྱི་གོ་སྒྲིག་ཆ་ཚང་ཡག་པོ་འགྲོ་བཞིན་ཡོད་པ་དང་། རྒྱ་གར་མངའ་སྡེ་གཞུང་གིས་ཀྱང་རོགས་འདེགས་གང་ཐུབ་གནང་བཞིན་ཡིན་པ།དེ་བཞིན་དེ་སྔོན་གསལ་བསྒྲགས་གནང་བ་ལྟར་ཉམ་ཐག་རིགས་ལ་ཐེངས་འདིར་བོད་མིའི་སྒྲིག་འཛུགས་ཀྱིས་མཐུན་འགྱུར་ཞུ་འཆར་ཡོད་ཀྱང་། ནུས་པས་མ་འདེང་པ་དང་མ་ལྕོགས་ས་ཡོད་རིགས་ལ་དགོངས་སེལ་ཞུ་བཞིན་ཡོད་སྐོར་སོགས་གསུངས་བཞག
དེ་བཞིན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཐེངས་འདིའི་དུས་དབང་ཐོག་རྒྱལ་ཁབ་ ༩༠ ནས་ཆོས་ཞུ་བ་འབུམ་ ༢ ཙམ་འཛོམས་རྒྱུར་ཚོད་དཔག་བྱེད་བཞིན་ཡོད་སྐོར་གསུངས་འདུག་ལ་ས་གནས་གཞིས་ཆགས་ཁག་ ༡༥ ཙམ་གཞིས་མགོ་རྣམ་པས་འགན་འཁུར་ཏེ་སྤྱི་ཁང་དང་ཚོགས་ཁང་སོགས་སུ་བརྙན་འཕྲིན་བརྒྱུད་དུས་དབང་ཞུ་བཞིན་ཡོད་སྐོར་ཡང་གསུངས་བཞག
ཉེ་ལམ་༸གོང་ས་མཆོག་གིས་བོད་ནང་བཞུགས་པའི་བོད་མི་དུས་དབང་ལ་ཕེབས་མ་ཐུབ་མཁན་ཚོས་སྨོན་ལམ་རྒྱོབས་དང་དབང་འཐོབ་རྒྱུ་ཡིན་སྐོར་གསུངས་པ་ལྟར་ཚང་མས་སྨོན་ལམ་ཡག་པོ་བརྒྱབ་ན་དུས་དབང་འཐོབ་ངེས་ཡིན་པ་དང་། ཚང་མས་༸གོང་ས་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་ཐུགས་སྨོན་གནང་དགོས་སྐོར་སོགས་གསུངས་བཞག།

གསར་འགོད་པ་ཚེ་དབང་དངོས་གྲུབ།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།