བོད་ནང་སློབ་མ་ལྔ་སྟོང་བརྒལ་བས་ཞི་རྒོལ།

དེ་རིང་ཨ་མདོ་རེབ་གོང་ནས་སློབ་མ་སྟོང་ཕྲག་ལྔ་དྲུག་ལྷག་མཉམ་འཛོམས་ཀྱིས་མི་རིགས་འདྲ་མཉམ་དགོས། བོད་ལ་རང་དབང་དགོས། ༧རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་སུ་འཇུག་དགོས་ཞེས་སྐད་འབོད་གནང་འདུག
2012-11-09
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

༄༅།    །དེ་རིང་ཞོགས་པ་བོད་ནང་གི་ཆུ་ཚོད་ལྔ་པའི་ཐོག རེབ་གོང་ནས་སློབ་མས་ཁྲོམ་སྐོར་དང་།    ཞི་བའི་སྐད་འབོད་གནང་ཡོད་པ་དང་། སློབ་མའི་ཞི་བའི་སྐད་འབོད་ཀྱི་ལས་འགུལ་དེའི་ནང་།  རྨ་ལྷོ་ཁུལ་དགེ་ཐོན་སློབ་གྲྭ་དང་། རྨ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་།  རྨ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ  རེབ་གོང་རྫོང་མི་རིགས་སློབ་འབྲིང་སོགས་སློབ་གྲྭ་ཁག་གི་སློབ་མ་སྟོང་ཕྲག་ལྔ་དྲུག་ལྷག་མཉམ་འཛོམས་ཀྱིས་མི་རིགས་འདྲ་མཉམ་དགོས། བོད་ལ་རང་དབང་དགོས།  ༧རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་སུ་འཇུག་དགོས་ཞེས་སྐད་འབོད་གནང་བཞིན་པའི་ཐོག་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྲིད་འཛིན་ལྟེ་གནས་དང་།    རེབ་གོང་རྫོང་གི་སྲིད་འཛིན་ལྟེ་གནས་ཡིན་པའི་རོང་བོ་རྒྱལ་ཐང་གི་ལམ་གཞུང་གང་སར་སྐོར་བསྐྱོད་ཀྱིས་སྐད་འབོད་ཁྲོམ་སྐོར་བྱས་ནས་ད་ཆ་རོང་པོ་དགོན་པའི་མདུན་གྱི་སྒྲོལ་མ་ཐང་ཆེན་དུ་མཉམ་འཛོམས་གྱིས་དེ་གར་སྐད་འབོད་དང་། ༧རྒྱལ་བའི་ཞབས་བརྟན་དབྱངས་འདོན་གནང་ནས་སྡོད་མུས་ཡིན་པའི་ཁར།  ཐག་ཉེ་རིང་གི་མི་མང་འཛོམས་ཤུགས་ཆེ་རུ་འགྲོ་བཞིན་ཡོད་འདུག


དེ་རིང་སྔ་དྲོ་ས་ཁུལ་དེའི་ནང་བོད་པའི་སློབ་ཕྲུག་ནས་ཞི་བའི་སྐད་འབོད་གནང་བའི་སྐབས་གཞུང་ལམ་ཡོངས་སློབ་མས་ཁེངས་ནས་རེ་ཞིག་རླངས་འཁོར་འགྲུལ་བཞུད་སོགས་མཚམས་འཇོག་བྱེད་དགོས་བྱུང་བ་དང་།  དེ་རིང་གི་སློབ་མའི་ལས་འགུལ་དེའི་ནང་།  ཁུལ་དང་རྫོང་གི་སྲིད་འཛིན་ལྟེ་གནས་འདབས་འབྲེལ་དུ་ཡོད་པའི་སློབ་གྲྭ་ཚང་མ་མཉམ་ཞུགས་བྱས་ཡོད་འདུག   སློབ་ཕྲུག་གི་ཞི་རྒོལ་སྐད་འབོད་བྱེད་པའི་རིང་ལམ་མདོ་ཁག་དང་།    སྲིད་གཞུང་ལས་ཁུངས་ཁག་གི་སྒོ་འགྲམ་བཅས་སུ་དྲག་ཆས་ཉེན་རྟོག་པ་འཕོན་ཆེ་འགྲེམས་འཇོག་བྱས་ཡོད་ཀྱང་།  སློབ་མའི་ལས་འགུལ་འདིར་ད་ལྟའི་ཆར་ཐད་ཀར་དམ་བསྒྲགས་སོགས་བྱས་པའི་གནས་ཚུལ་རིགས་བྱུང་མེད་པ་དང་།  ད་ལྟ་མང་ཚོགས་མང་པོ་མཉམ་འཛོམས་བྱུང་བཞིན་ཡོད་པའི་སྐོར་གནས་ཚུལ་མཁོ་སྤྲོད་གནང་མཁན་གྱིས་བྲིས་པའི་ནང་འཁོད་འདུག །







མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།