༣༡༤དུས་དྲན། ན་གཞོན་གླེང་སྟེགས།


2013.04.04
བོད་རིགས་ན་གཞོན་ཚོས་འཛིན་ཁང་ནང་༣༡༤དུས་དྲན་དང་འབྲེལ་གླེང་མོལ་གནང་བཞིན་པ།
བོད་ནས་བཏང་འབྱོར།

༄༅།    །དེ་ཡང་བོད་ནས་འདྲ་པར་དང་བཅས་གནས་ཚུལ་འབྱོར་དོན་ལྟར་ན། ཕྱི་ཟླ་༣ཚེས་༡༤ཉིན་རྒྱ་ནག་ལན་ཀྲོའུ་ན་ཡོད་པའི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིགས་སློབ་ཆེན་པ་ཚོས་ ༢༠༠༨ཟླ་༣ཚེས་༡༤ཉིན་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་གནོན་བྱས་པར་མྱ་ངན་རྗེས་དྲན་གྱི་ལས་འགུལ་སྤེལ་འདུག སྐབས་དེར་བོད་རིགས་སློབ་ཆེན་པ་བཅུ་ཕྲག་ཁ་ཤས་ཞིག་རང་འགུལ་གྱིས་འཛིན་ཁང་ལ་འཛོམས་ནས་ནག་པང་ལ་༣༡༤དུས་དྲན།    ན་གཞོན་གླེང་སྟེགས་ཞེས་བྲིས་བ་དང་། འཛིན་ཁང་གང་སར་སྒྲོན་མེ་སྤར་ནས་མྱ་ངན་བྱས་པ་དང་། གང་འགུལ་ཐོག་༣༡༤དང་འབྲེལ་བའི་བསམ་ཚུལ་གླེང་མོལ་ཡང་བྱས་ནས་བདེ་འཇགས་ངང་གྲོལ་ཡོད་ཀྱང་། རྗེས་སུ་སློབ་གྲྭའི་གོང་རིམ་དང་། རྒྱ་ནག་གི་འབྲེལ་ཡོད་ཚན་པས་ཤེས་རྟོགས་བྱུང་ནས། སློབ་ཚོ་རེ་རེ་བཞིན་འདྲི་རྩད་ནན་མོ་བྱེད་ཞོར་སྣེ་ཁྲིད་མི་སྣ་སུ་ཡིན་པ་རྩད་གཅོད་བྱེད་བཞིན་པ་དང་། སློབ་མ་ཁག་གཅིག་ཉེན་རྟོག་ཚན་པས་དུས་ཚོད་ངེས་མེད་ལ་འབོད་འགུག་བྱེད་བཞིན་པ་སོགས་དཀའ་ངལ་གནས་སུ་ལྷུང་ཡོད་པ་དང་། སློབ་གྲྭའི་འབྲེལ་ཡོད་ཚན་པས་ལས་འགུལ་སྣེ་ཁྲིད་པ་དང་། སྐབས་དེར་ཞུགས་མཁན་ཚང་མས་འབྲེལ་ཡོད་ཚན་པར་ངོས་ལེན་དག་སེལ་མ་བྱས་ཚེ།    སློབ་མ་སྒེར་གྱི་མདུན་ལམ་ལ་གནོད་ངེས་བས་མ་ཟད། འཛིན་བཟུང་ཡང་བྱེད་ཉེན་ཆེ་བའི་ཉེན་བརྡ་བཏང་འདུག ཕྱོགས་མཚུངས་མ་འོངས་བར་གོང་རིམ་འབྲེལ་ཡོད་ལ་སྙན་སེང་མ་ཞུས་བར་གང་བྱུང་འདུ་འཛོམས་རིགས་སྤེལ་མི་ཆོག་པ་བཤད་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎