ཨ་རིའི་བོད་དོན་འབྲེལ་མཐུད་པ་དང་དོན་གཅོད་མཇལ་མོལ།


2016.10.27
ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་Sarah Sewall་མཆོག་དང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་རྣམ་གཉིས་མཇལ་འཕྲད་སྐབས། ༢༠༡༦།༡༠།༢༡ ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་Sarah Sewall་མཆོག་དང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་རྣམ་གཉིས་མཇལ་འཕྲད་སྐབས། ༢༠༡༦།༡༠།༢༡
OOT

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་མཆོག་གིས་བོད་ཀྱི་སྐུ་ཚབ་དོན་གཅོད་གསར་པར་འཚམས་འདྲི་གནང་འདུག
དེ་ཡང་ཕྱི་ཟླ་བཅུ་པའི་ཚེས་༢༡་ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ནང་དུ། ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཚོགས་ཟུར་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་Sarah Sewall་མཆོག་དང་མཇལ་འཕྲད་གནང་ཡོད་པ་དང་། སྐབས་དེར་བོད་དོན་དམིགས་བསལ་འབྲེལ་མཐུད་པ་མཆོག་གིས་ཐོག་མར་ཚོགས་ཟུར་སྤེན་པ་ཚེ་རིང་མཆོག་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་གསར་པར་བསྐོ་བཞག་གནང་བར་འཚམས་འདྲི་གནང་བ་དང་སྦྲགས། ད་ལྟའི་བོད་ནང་གི་གནས་སྟངས་སྤྱི་དང་། ལྷག་པར་དུ་བོད་རྒྱ་འབྲེལ་མོལ། ཕོ་མོ་འདྲ་མཉམ་གྱི་གནས་སྟངས་སོགས་ཀྱི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་བཞེངས་ཕྱོགས་དང་། ཕྱི་ལོ་༢༠༡༧་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ཁུལ་དུ་ཆིབས་བསྒྱུར་སྐོར། དེ་བཞིན་བོད་དོན་ཐོག་མུ་མཐུད་ཨ་རིའི་སྲིད་གཞུང་གི་རྒྱབ་སྐྱོར་ཐོབ་ཐབས་ཙམ་མ་ཟད། ཨ་རིའི་རྒྱལ་ཡོངས་འོས་བསྡུ་ཆེན་མོ་ཟིན་རྗེས་སྲིད་གཞུང་གསར་པའི་ངོས་ནས་བོད་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་མུ་མཐུད་གནང་ཆེད་བོད་མིའི་ཕྱོགས་ནས་ཨ་རི་གཞུང་དང་འབྲེལ་ལམ་སྤེལ་ཕྱོགས། སྤྱིར་རྒྱལ་སྤྱིའི་ཁྱོན་དུ་བོད་དོན་རྒྱབ་སྐྱོར་གྱི་ལས་འགུལ་ཤུགས་ཆེ་རུ་ཇེ་ལྟར་གཏོང་དགོས་མིན་སོགས་གོ་བསྡུར་གནང་ཡོད་འདུག    
དེའི་སྐབས་སྐུ་ཚབ་དོན་གཅོད་ཀྱི་ངོས་ནས་༧གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་གསུམ་གྱི་སྐོར་ཞུས་པའི་ཁར་ཨ་རིའི་སྲིད་གཞུང་སྔ་རྗེས་དང་། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་འཐུད་པས་ད་བར་བོད་དོན་ཐོག་ལྷག་བསམ་ཆེན་པོའི་ཐོག་ནས་རྒྱབ་སྐྱོར་དང་མཐུན་འགྱུར་རོགས་རམ་གནང་དང་གནང་མུས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞེས་ཞུས་པ་དང་དུས་མཚུངས། འབྱུང་འགྱུར་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་མཆོག་དང་ལྷན་འབྲེལ་ལམ་ཉེས་པོའི་ཐོག་ནས་ལས་དོན་མུ་མཐུད་སྤེལ་རྒྱུའི་རེ་བ་ཞུ་བཞིན་ཡོད་སྐོར་ཞུས་འདུག

གསར་འགོད་པ་མཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དགེ་འདུན་པ་བསྟན་འཛིན་མཁྱེན་རབ་ལགས་ཀྱི་ཨ་མ་སྦོ་རྡེ་ལགས་སེམས་འཁྲལ་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎