དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་རྒྱ་གར་གཞུང་ཚབ་དང་མཇལ་བ།


2016.05.06
ཨུ་རུ་སུའི་རྒྱ་གར་གཞུང་ཚབ་གསར་པར་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་མཇལ་འཕྲད་སྐབས། ༢༠༡༦ ཨུ་རུ་སུའི་རྒྱ་གར་གཞུང་ཚབ་གསར་པར་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་མཇལ་འཕྲད་སྐབས། ༢༠༡༦
OOT Russia

ཨུ་རུ་སུའི་རྒྱ་གར་གཞུང་ཚབ་གསར་པར་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་མཇལ་འཕྲད་འཚམས་འདྲི་ཞུས་ཡོད་འདུག
དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་བོད་ཀྱི་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས། ཨུ་རུ་སུར་རྟེན་གཞི་བྱེད་པའི་རྒྱ་གར་གཞུང་ཚབ་ཁང་དུ་གཞུང་ཚབ་གསར་པ་སྐུ་ཞབས་པངྐ་ཇི་སརན་Mr. Pankaj Saran་མཆོག་མཇལ་འཕྲད་ཀྱིས་འཚམས་འདྲི་ཞུས་གནང་ཡོད་ཅིང་། དེའི་སྐབས་ཏེ་ལོ་རིན་པོ་ཆེ་མཆོག་གིས་རུ་སོག་བོད་ཀྱི་སྐུ་ཚབ་དོན་གཅོད་ཐོག་མར་འཛུགས་སྟངས་དང་། དོན་ཁང་གི་ལས་དོན་གཙོ་ཁག་རྣམས་ངོ་སྤྲོད་ཞུས་གནང་བ་དང་ཕྱོགས་མཚུངས་རིན་པོ་ཆེ་མཆོག་གིས། ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་གཏོགས་པའི་ནང་པའི་ཡུལ་གྲུ་ཁག་དང་བོད་དབར་ལོ་རྒྱུས་ཐོག་ཆོས་དང་རིག་གཞུང་སོགས་ཀྱི་འབྲེལ་ལམ་ཇི་ལྟར་བྱུང་ཡོད་པ་དང་། དེང་སྐབས་རྒྱ་གར་ལྷོ་ཕྱོགས་གཙོ་བོར་གྱུར་བའི་རྒྱ་གར་ནང་གི་བོད་མིའི་ཤེས་ཡོན་བསྟི་གནས་ཁང་དུ་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་པའི་ཡུལ་གྲུ་ཐུ་ཝ་དང་བྷུ་རི་ཡ་ཏི། ཁལ་མུག་སོགས་ནས་སློབ་ཕྲུག་ཁག་གཅིག་བོད་པའི་ཆོས་དང་རིག་གཞུང་ཐོག་སློབ་གཉེར་གནང་བཞིན་ཡོད་སྐོར་འགྲེལ་བརྗོད་ཞུ་སྐབས། གཞུང་ཚབ་གསར་པ་མཆོག་གིས་དོ་སྣང་ཆེན་པོས་གསན་འཇོག་གནང་ཡོད་པ་རེད།
གསར་དུ་བསྐོ་བཞག་བྱུང་བའི་རུ་སུའི་རྒྱ་གར་གྱི་གཞུང་ཚབ་ཆེན་མོ་སྐུ་ཞབས་Saran མཆོག་གིས། བོད་ཀྱི་དོན་ཁང་འདི་ལྟ་བུ་ཞིག་འཛུགས་ཐུབ་པར་དགའ་ཚོར་ཆེན་པོ་བྱུང་ལུགས་དང་། ལྷག་པར་དུ་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་རྒྱ་གར་གཞུང་དམངས་ནས་གུས་བརྩི་ཧ་ཅང་ཞུ་བཞིན་ཡོད་པ་དང་། ཁོང་བོད་དུ་ཕྱིར་ཞབས་སོར་འཁོད་གནང་མ་མཛད་བར་དུ་རྒྱ་གར་གྱི་སྐུ་མགྲོན་ཡིན་ཞེས་གསུངས་འདུག   
དེའི་ཐོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས། རྒྱ་གར་གཞུང་གིས་ད་བར་བོད་མི་རྣམས་ལ་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུས་པ་དང་ཆབས་ཅིག་རྒྱ་གར་ནང་སློབ་གཉེར་གནང་བཞིན་པའི་ཨུ་རུ་སུའི་སློབ་ཕྲུག་གི་སྐོར་དང་། འབྱུང་འགྱུར་ཨུ་རུ་སུ་དང་རྒྱ་གར། བོད་བཅས་ཀྱི་དབར་ཤེས་ཡོན་དང་དཔལ་འབྱོར། རིག་གཞུང་གི་འབྲེལ་ལམ་སླར་གསོའི་ཆེད་ནང་ཆོས་ལ་མུ་མཐུད་སློབ་སྦྱོང་བྱེད་དགོས་པ་གལ་ཆེན་པོ་ཡིན་པའི་སྐོར་ཞུས་གནང་ཡོད་འདུག།
སྤྱིར་ད་ལྟའི་ཆར་ཝར་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་སོག་པོའི་སློབ་ཕྲུག་གྲངས་༡༢ དང་། རྡ་ས་བོད་ཀྱི་དཔེ་མཛོད་ཁང་ནང་སློབ་ཕྲུག་གྲངས་༤༩་འབྲས་སྤུངས་སྒོ་མང་གྲྭ་ཚང་ནང་སློབ་གཉེར་བ་གྲངས་༧༡་བོད་ཀྱི་སྨན་རྩིས་ཁང་ནང་སློབ་ཕྲུག་གྲངས་༡་དེ་བཞིན་སློབ་ཕྲུག་མང་དག་ཅིག་བོད་ཀྱི་རིག་གཞུང་ཐོག་ཉམས་ཞིབ་བྱེད་བཞིན་པ་མ་ཟད། ཁག་གཅིག་སློབ་གཉེར་ཁང་འདྲ་མིན་ནང་ཚུད་རྒྱུགས་འཕྲོད་ཆེད་ངང་སྒུག་བྱས་ནས་བསྡད་ཡོད་སྐོར་སོགས་ཞུས་འདུག།

གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་མཆོག་གིས་ཇོ་ནང་༸རྒྱལ་ཚབ་རིན་པོ་ཆེས་དབུས་པའི་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་ ༡༦ ལ་མཇལ་ཁ་སྩལ་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎