དམ་བསྒྲགས་འོག་གི་སྨོན་ལམ་ཆེན་མོ།

2013-02-26
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
དམ་བསྒྲགས་འོག་གི་སྨོན་ལམ་ཆེན་མོ།
ཨ་མདོ་རེབ་གོང་དུ་ཆོ་འཕྲུལ་སྨོན་ལམ་སྐབས་རྒྱ་དམག་གིས་དམ་བསྒྲགས་བྱེད་བཞིན་པའི་འཆར་སྣང་།
ཀླུ་འབུམ་བཀྲིས་ལགས་སུ་བོད་ནས་འབྱོར་བ།

༄༅།    །དེ་ཡང་ང་ཚོ་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་གསལ་ལྟར་ན། ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྔོན་ཚུད་ནས་རེབ་གོང་རྫོང་ཐོག་ཏུ་རྒྱ་དམག་ཕོན་ཆེན་བཏང་ཏེ། རོང་པོ་དགོན་པའི་མདུན་གྱི་སྒྲོལ་མ་ཐང་ཆེན་གཙོས་བསྐོར་ལམ་ཁག་དང་། མི་མང་འཛོམས་ས་གསུམ་མདོ་སོགས་གང་སར་དམག་མི་ཕོན་ཆེན་བཀྲམས་སྟེ་ཉིན་མཚན་གཉིས་ཀར་ལྟ་རྟོག་ནན་པོར་བྱེད་ཀྱི་ཡོད་འདུག་པར་བརྟེན། སྨོན་ལམ་ཆེན་མོའི་སྐབས་རྒྱ་དམག་གིས་དགེ་འདུན་པ་དང་ཆོས་བྱེད་མི་མང་ལ་སུན་གཙེར་དང་སེམས་ལ་འཇིགས་སྣང་བཟོ་པ་ས་གནས་བོད་མིས་བརྗོད་འདུག
དེ་བཞིན་བོད་ཀན་ལྷོ་ཁུལ་བསང་ཆུ་རྫོང་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པར་སྨོན་ལམ་ཆེན་མོའི་སྐབས་དགེ་འདུན་པ་དང་མི་མང་ལ་ལྟ་རྟོག་བྱེད་མཁན་ལ་ཡུལ་སྐོར་བ་དང་། གསར་འགོད་པ། མི་སེར་དཀྱུས་མ་ཡིན་ཁུལ་གྱིས་གང་སར་འགྲེམ་འཇོག་བྱས་ནས་བོད་མི་ཚོའི་འགྲོ་ འདུག་སྤྱོད་གསུམ་ལ་བལྟ་རྟོགས་ནན་མོ་བྱས་ཡོད་པ་དང་། དོགས་གཞི་ཡོད་པའི་མི་སྣ་ཚོར་རྗེས་འདེད་དང་འདྲི་རྩད་སོགས་བྱས་འདུག
དེ་བཞིན་ལས་བྱེད་པ་ཚོ་ཡང་ཆ བགོས་བྱས་ནས་ས་གནས་གང་སར་སྐོར་སྲུང་བྱེད་དུ་བཅུག་པ་དང་། བསང་ཆུ་རྫོང་གི་ཤང་སོ་སོར་གཙོས་ཀླུ་ཆུ་དང་། རྨ་ཆུ་སོགས་ནས་བླ་བྲང་དགོན་པའི་སྨོན་ལམ་ལ་བསྐྱོད་པར་སྔ་ས་ནས་ཐོབ་ཐང་ལག་འཁྱེར་མཉམ་མིང་ཐོ་འགོད་དགོས་པ་ཡང་ཁྱབ་བསྒྲགས་བྱས་འདུག།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།