བོད་མིའི་སྨན་བཅོས་ལྟ་སྐྱོང་གི་སྲིད་ཇུས་ལ་བསྐྱར་ཞིབ་ཚོགས་འདུ།

2017-06-12
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞིའི་བསྐྱར་ཞིབ་ཚོགས་འདུ། ༢༠༡༧།༦།༡༢
བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞིའི་བསྐྱར་ཞིབ་ཚོགས་འདུ། ༢༠༡༧།༦།༡༢
བློ་བྷེ།/RFA

སྨན་བཅོས་ལྟ་སྐྱོང་གི་ལས་གཞི་ནི་མང་ཚོགས་ཀྱི་བདེ་དོན་ཁོ་ནར་དམིགས་པའི་སྲིད་ཇུས་ཤིག་ཡིན་པ་འཕྲོད་བསྟེན་བཀའ་བློན་གྱིས་གསུངས་འདུག
དེ་ཡང་གནས་ཚུལ་ལྟར་ན། འདི་ཚེས་༡༢་ཉིན། བཙན་བྱོལ་བོད་མིའི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ཉིན་གཅིག་གི་བསྐྱར་ཞིབ་ཚོགས་འདུ་དབུ་འབྱེད་གནང་ཡོད་ཅིང་། སྨན་བཅོས་ལྟ་སྐྱོང་གི་ལས་གཞི་འདི་བཞིན་འཕྲོད་བསྟེན་ལས་ཁུངས་ཀྱི་སྤྱི་ཚོིགས་ལས་འཆར་གྱི་ཆ་ཤས་ཤིག་ཡིན་འདུག་ལ་ བཞུགས་སྒར་རྡ་རམ་ས་ལའི་བོད་ཀྱི་གསོལ་མགྲོན་ཁང་དུ་ཚོགས་པའི་སྨན་བཅོས་ལྟ་སྐྱོང་གི་བསྐྱར་ཞིབ་ཚོགས་འདུར་བོད་མིའི་གཞིས་ཆགས་ཁག་བཅུ་གསུམ་ཙམ་གྱི་ནད་གཡོག་མི་སྣ་བཅོ་ལྔ་ཙམ་མཉམ་ཞུགས་གནང་ཡོད་པ་རེད་འདུག
འཕྲོད་བསྟེན་བཀའ་བློན་མཆོག་གི་དབུ་འབྱེད་གསུང་བཤད་ནང་། གོང་བརྗོད་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་འདི་བཞིན་དེ་སྔ་ཕྱི་ལོ་༢༠༠༧་ལོར་བོད་མི་མང་སྤྱི་འཐུས་གྲོས་ཚོགས་སུ་གླེང་སློང་ཤུགས་ཆེ་བྱུང་བ་ནས་བཟུང་རིམ་གྱིས་ལས་གཞི་འདིའི་གསར་གཏོད་རང་བཞིན་དང་ད་ལྟའི་གནས་བབ་གང་འདྲ་ཡིན་མིན་ངོ་སྤྲོད་དང་། ཕྱི་ལོ་༢༠༡༢་ལོར་དངོས་སུ་འགོ་འཛུགས་གནང་བ་སོགས་འགྲེལ་བཤད་གནང་ཡོད་པ་རེད། ལས་གཞི་འདི་ཉིད་སྤྱི་ཚོགས་ཞབས་ཞུའི་རྣམ་པར་གནས་ཡོད་པའི་ཆ་ནས་ཁེ་ཚོང་གི་ངོ་བོ་གང་ཡང་མེད་ཅིང་། མང་ཚོགས་ཀྱི་བདེ་དོན་ཁོ་ནར་དམིགས་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་ཁོ་ན་ཆགས་ཡོད་པ་སོགས་གསུངས་འདུག
བསྐྱར་ཞིབ་ཚོགས་འདུའི་སྟེང་ལས་གཞི་འདི་བཞིན་གང་འདྲ་བྱས་ནས་ཇེ་ལེགས་ཇེ་རྒྱས་དང་ཚགས་ཚུད་ཡོང་ཐབས་སུ་བཀའ་མོལ་གནང་རྒྱུ་ཡིན་པ་མ་ཟད། སྨན་རིན་ལས་འཕྲོས་པའི་བྱུང་འཛིན་གྱི་དངུལ་སྤྲོད་སོགས་ཀྱི་སྐོར་ལའང་བཀའ་མོལ་ཡོང་རྒྱུ་ཡིན་པ་རེད་འདུག

གསར་འགོད་པ་གུ་རུ་ཆོས་སྐྱིད།


མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།