རིག་འཛིན་སྒྲོལ་མས་གསེར་རྟ་སྒར་ནས་རང་སྲོག་བཅད་འདུག


2016.08.08
བཙུན་མ་རིག་འཛིན་སྒྲོལ་མའི་ཉེ་པར། བཙུན་མ་རིག་འཛིན་སྒྲོལ་མའི་ཉེ་པར།
བོད་འབྱོར།

གསེར་རྟ་བླ་རུང་སྒར་དུ་རྒྱ་ནག་གཞུང་གིས་སྔ་ཕྱིར་སུན་གཙེར་བྱས་དང་བྱེད་བཞིན་པའི་སྡུག་བསྔལ་གྱིས་མ་བཟོད་པར་བླ་རུང་སྒར་གྱི་བཙུན་མ་རིག་འཛིན་སྒྲོལ་མ་ཞུ་བ་ཞིག་གིས་རང་སྲོག་བཅད་ཡོད་འདུག
དེ་ཡང་འདི་གའི་བལ་ཡུལ་གྱི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལ་བོད་ནས་གནས་ཚུལ་འབྱོར་བ་བཏང་འབྱོར་བྱུང་བ་ལྟར་ན། ཉེ་ཆར་སྤྱི་ཟླ་བདུན་པའི་ཚེས་༢༠་ཉིན་ནས་འགོ་བཙུགས་ཏེ་རྒྱ་ནག་གཞུང་གི་བཀོད་ཁྱབ་འོག་དམག་མི་དང་ལས་ཀ་བྱེད་མི་སོགས་ཀྱིས་འཕྲུལ་ཆས་བཏང་ཡོང་སྟེ། གསེར་རྟ་བླ་རུང་སྒར་པདྨ་མཁའ་འགྲོའི་མདུན་ལམ་གྱི་ཉེ་འཁྲིས་ཀྱི་རྒྱུན་སྡོད་སློབ་གཉེར་བ་གྲྭ་བཙུན་ཚོའི་སྡོད་ཤག་བཙན་དབང་གིས་གཏོར་བཤིག་གཏོང་འགོ་ཚུགས་ཡོད་ཅིང་། ཚེས་༢༠་ཐམ་པའི་གོང་ཏག་ཏག་དེར་གསེར་རྟ་བླ་རུང་སྒར་གྱི་བཙུན་མ་རིག་འཛིན་སྒྲོལ་མ་ཞུ་བ་ཞིག་གིས་རང་ཉིད་ཀྱི་སྐེ་ལ་ཐག་པ་རྒྱབ་ནས་རང་སྲོག་བཅད་ཡོད་འདུག
ཁོ་མོས་ཁ་ཆེམས་ཡི་གེ་ཞིག་དང་སྒོར་མོ་ཁ་ཤས་ཤུལ་དུ་བཞག་ཡོད་ཅིང་། ཁ་ཆེམས་ཡི་གེ་དེའི་ནང་། བླ་རུང་སྒར་དུ་སློབ་གཉེར་བྱས་པ་ལ་སྔ་ཕྱིར་རྒྱ་ནག་གཞུང་གིས་སུན་གཙེར་ཚད་མེད་བཟོ་བཞིན་པར་བརྟེན་སེམས་ལ་སྡུག་བསྔལ་ཀྱིས་བཟོད་ཐབས་མི་འདུག ཁོ་མོ་འདས་ཚར་པའི་རྗེས་སུ་ཤུལ་བཞག་གི་སྒོར་མོ་འགའ་ཡོད་པ་དགོན་པར་ཕུལ་རོགས་ཞེས་བྲིས་ཡོད་འདུག
རིག་འཛིན་སྒྲོལ་མ་ལགས་ནི་བླ་རུང་སྒར་དུ་རྒྱུན་སྡོད་སློབ་གཉེར་བ་ཞིག་ཡིན་ཞིང་། སྐྱེས་ཡུལ་བོད་སྡེ་དགེ་ཕྱོགས་ནས་ཡིན་འདུག
དེ་མིན་ཡང་བླ་རུང་སྒར་དུ་གྲྭ་ཤག་གཏོར་བཤིག་བྱས་དང་བྱེད་བཞིན་པར། རྒྱ་ནག་གཞུང་གིས་གཏོར་ཟིན་པའི་གྲྭ་ཤག་རེ་རེར་རྒྱ་སྒོར་ཁྲི་གཉིས་མ་ཟིན་ཙམ་རེ་གུན་གསབ་ཀྱི་ཚུལ་དུ་སློབ་གཉེར་ཚོར་སྤྲད་ཡོད་འདུག་ལ། ད་དུང་དེའི་སྟེང་ལ་སྒར་གྱི་ངོས་ནས་ཀྱང་དཔལ་འབྱོར་ཅུང་ཙམ་ཞིག་རོགས་རམ་བྱས་ཡོད་འདུག ད་ལྟའི་ཆར་གྲྭ་ཤག་གཏོར་ཟིན་ནས་སྡོད་ས་རྩ་བ་ནས་མེད་མཁན་རྣམས་གནས་སྐབས་རིང་སོ་སོའི་ཆོས་གྲོགས་ཀྱི་གྲྭ་ཤག་དུ་མཉམ་སྡོད་བྱས་ནས་སློབ་གཉེར་མུ་མཐུད་དུ་བྱེད་བཞིན་ཡོད་འདུག།

གསར་འགོད་པ་གུ་རུ་ཆོས་སྐྱིད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་འདོན་ས་ཚིགས་གསར་རྒྱག་ཆེད་ཨ་ཚོགས་བདེ་ཆེན་ཆོས་འཁོར་གླིང་དང་སྡེ་བ་གཉིས་བཙན་གྱིས་གཏོར་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎