བོད་མི་གཉིས་ནས་རང་ལུས་མེར་བསྲེགས།

2013-02-20
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
བོད་མི་གཉིས་ནས་རང་ལུས་མེར་བསྲེགས།
རིན་ཆེན་། རང་ལོ་༡༧ དང་། བསོད་ནམས་དར་རྒྱས། རང་ལོ་༡༨ ཡིན་པ་ཁོང་གཉིས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་ཆེད་རང་ལུས་མེར་བསྲེགས་འདུག
ཀ་ཉག་ཚེ་རིང་དང་བློ་བཟང་ཡེ་ཤེས།

བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་ཀ་ཉག་ཚེ་རིང་དང་བློ་བཟང་ཡེ་ཤེས་གཉིས་ཀྱིས་ཕྱི་ལོ་༢༠༡༣།༢།༢༠ ཉིན་སྤེལ་དོན།
༄༅༎ཕྱི་ལོ་༢༠༡༣ ཟླ་༢ ཚེས་༡༩ ཉིན་གྱི་ཕྱི་དྲོའི་བོད་ནང་གི་དུས་༩།༣༠ ཙམ་ལ་བོད་མདོ་སྨད་རྔ་པ་བོད་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་རྐྱང་ཚ་ཡུལ་ ཚོའི་མགར་གདོང་སྡེ་བའི་རིན་ཆེན་། རང་ལོ་༡༧ དང་། བསོད་ནམས་དར་རྒྱས། རང་ལོ་༡༨ ཡིན་པ་ཁོང་གཉིས་ཀྱིས་རྐྱང་ཚ་ཞང་ཐོག་ནས་རང་ལུས་མེ་སྲེག་གིས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་སྲིད་ཇུས་ལ་ངོ་རྒོལ་གནང་ནས་སྐབས་ཐོག་དེར་སྐུ་གྲོངས་ཡོད་འདུག འོན་ཀྱང་སྐབས་དེར་སྐད་འབོད་ག་རེ་བྱས་ཡོད་མེད་སོགས་ཀྱི་གནས་ཚུལ་གསལ་བོ་ཤེས་རྟོགས་ཐུབ་མེད། དམ་པ་ཁོང་གཉིས་ཀྱི་སྐུ་ཕུང་ནང་མིའི་ལག་ཏུ་རག་ཡོད་ལ་བོད་རང་གི་སྲོལ་རྒྱུན་གྱི་འགྲོ་ལུགས་ལྟར་དུར་འཇུག་དང་དགེ་སྒྲུབ་བྱེད་ཐུབ་པའི་རེ་བ་བྱེད་བཞིན་ཡོད་འདུག
རིན་ཆེན་གྱི་ཕ་མིང་ལ། དོན་འགྲུབ་ཚེ་རིང་། མ་མིང་ལ། ཨ་དོན(འདས་ཟིན)། བསོད་ནམས་དར་རྒྱས་ཀྱི་ཕ་མིང་ལ། ཚེ་རིང་དོན་འགྲུབ། མ་མིང་ལ། བཀྲ་ཁོ་ཟེར། ཁོང་གཉིས་ཆུང་དུས་ནས་རྐྱང་ཚ་ཡུལ་ཚོའི་སློབ་ཆུང་འགྲིམས་ཤིང་སློབ་མཐར་ཕྱིན་རྗེས་རིན་ཆེན་ཝུན་ཁྲོན་ཕྱོགས་སུ་ལོ་ཤས་རིང་སློབ་སྦྱོང་དུ་སོང་ཡོད་ལ་ལོ་གཅིག་ཙམ་གྱི་གོང་ནས་མཚོ་སྔོན་ཕྱོགས་སུ་སོང་སྟེ་ལས་གླ་བྱས་ནས་ད་རེ་ལོ་སར་གུང་སེང་ལ་ཕྱིར་ཕ་ཡུལ་དུ་ལོག་ཡོད་འདུག་པ་བཅས།།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།