རྒྱ་ནག་གི་ཉེན་རྟོག་པས་གསང་བདག་སྐྱབས་འཇུ་བཟུང་བྱས་འདུག

2016-10-11
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
གསང་བདག་སྐྱབས་ལགས་ཀྱི་ཉེ་པར།
གསང་བདག་སྐྱབས་ལགས་ཀྱི་ཉེ་པར།
བོད་འབྱོར། བསོད་ནམས་སྟོབས་རྒྱལ།

མདོ་སྨད་བླ་བྲང་བསང་ཁོག་ནས་ཡིན་པའི་གསང་བདག་སྐྱབས་ལགས་རྒྱ་ནག་གི་ཉེན་རྟོག་པས་འཇུ་བཟུང་རྗེས་གནས་སྟངས་ཁ་གསལ་མི་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། སྤྱི་ལོ་༢༠༡༦་ལོའི་སྤྱི་ཟླ་༩་བའི་ཚེས་༢༩་ཉིན་རྒྱ་ནག་གི་ཉེན་རྟོག་ཚན་པས་གསང་བདག་སྐྱབས་ལགས་གློ་བུར་འཇུ་བཟུང་བྱས་འདུག
གནས་ཚུལ་ངོ་སྤྲོད་པས་བརྗོད་དོན། མདོ་སྨད་བླ་བྲང་བསང་ཁོག་ནས་ཡིན་པ་ཁོང་དེ་སྔོན་སྤྱི་ལོ་༢༠༡༢་ལོར་བོད་ནང་རང་ལུས་མེར་སྲེག་གནང་མཁན་ཞིག་གི་སྐུ་ཕུང་བདག་པོ་རྒྱག་མཁན་ཡིན་ཚུལ་གྱིས་རྒྱ་ནག་གི་ཉེན་རྟོག་པས་འཇུ་བཟུང་བྱེད་རྩིས་བྱས་སྐབས་ད་བར་ཉེན་ཡོལ་བྱས་ནས་བསྡད་པ་དང་། སྐབས་དེར་ཉེན་རྟོག་པས་རྡོ་རྗེ་རྣམ་རྒྱལ་དང་། སྤྱིན་པ། རྡོ་རྗེ་བཀྲ་ཤིས་བཅས་འཇུ་བཟུང་བྱས་ནས་དུས་ཡུན་མི་ལོ་གཉིས་ནས་གསུམ་བར་བཙོན་འཇུག་བྱས་བའི་རྗེས་སུ་བཙོན་གྲོལ་ཐོབ་ཟིན་ཡོད་པ་རེད། གསང་བདག་སྐྱབས་ལགས་ཀྱང་རིམ་པས་ཉེན་ཡོལ་ནས་ཕྱིར་རང་ཁྱིམ་དུ་ལོག་ཡོད་པ་དང་། ཉེ་བའི་སྤྱི་ཟླ་༩་བའི་ཚེས་༢༩་ཉིན་གློ་བུར་རྒྱ་ནག་གི་ཉེན་རྟོག་པ་ཁོང་གི་ཁྱིམ་ལ་འཛུལ་ནས་གསལ་བཤད་སོགས་གང་ཡང་མེད་པར་འཇུ་བཟུང་བྱས་བ་བརྗོད་འདུག
གནས་ཚུལ་ལྟར་ན། དགུང་ལོ་༤༦་ཙམ་ཡིན་པའི་གསང་བདག་སྐྱབས་ལགས་འཇུ་བཟུང་རྗེས་ཀྱི་གནས་སྟངས་ཁ་གསལ་མེད་པར་ལུས་ཡོད་པ་དང་། ཁོང་གི་བཟའ་ཟླ་བྱམས་སྐྱིད་ལགས་བཀག་ཉར་ཁང་དུ་བསྐྱོད་ནས་ཐུག་འཕྲད་ཡོང་ཐབས་བྱས་ཡོད་ཀྱང་ཐུག་བཅུག་མི་འདུག

གསར་འགོད་པ་ཀླུ་འབུམ་དང་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།