རང་བཙན་བྱེད་དང་མི་བྱེད་མི་མང་གིས་ཐག་གཅོད་བྱེད་རྒྱུ།


2017.03.29
སོཀཊ་ལེནཌ་(Scotland)ཡུལ་གྱི་ས་ཁྲ། སོཀཊ་ལེནཌ་(Scotland)ཡུལ་གྱི་ས་ཁྲ།
google

སོཀཊ་ལེནཌ་རང་བཙན་བྱེད་དང་མ་བྱེད་མི་མང་གིས་མང་མོས་གཅོད་བྱ་རྒྱུར་གྲོས་ཚོགས་ཀྱི་རྒྱབ་སྐྱོར་ཐོབ་ཡོད་འདུག
དབྱིན་ཡུལ་རྒྱལ་ཁབ་ཡོ་རོབ་མཐུན་ཚོགས་ཀྱི་ཚོགས་ཁོངས་ནས་ཕྱིར་འཐེན་བྱ་རྒྱུའི་ཡོངས་ཁྱབ་གསལ་བསྒྲགས་མ་བྱས་གོང་ཙམ་སྟེ། ཕྱི་ཟླ་ ༣ ཚེས་ ༢༩ སོཀཊ་ལེནཌ་ (Scotland) ཡུལ་དེ་དབྱིན་ཡུལ་ནས་རང་བཙན་བྱེད་དང་མ་བྱེད་མི་མང་གིས་མང་མོས་གཅོད་གནང་རྒྱུར་Scotland་གྲོས་ཚོགས་ཀྱི་རྒྱབ་སྐྱོར་ཐོབ་ཡོད་པ་རེད།
ཕྱི་ལོ་ ༢༠༡༣ ལོའི་ཕྱི་ཟླ་ ༦ ནང་སྐབས་དེ་དུས་ཀྱི་དབྱིན་ཇིའི་སྲིད་བློན་ཌེ་ཝིཌ་ཀ་མེ་རོན་དབྱིན་ཡུལ་ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཁོངས་སུ་མུ་མཐུད་གནས་མིན་དབྱིན་ཇིའི་མི་དམངས་ཀྱི་འོས་བསྡུའི་ལམ་ནས་ཐག་གཅོད་བྱེད་པའི་བརྒྱུད་ལམ་བསྐྲུན་རྒྱུའི་ཁས་ལེན་གནང་པ་དང་། ཕྱི་ལོ་ ༢༠༡༦ ལོའི་ཕྱི་ཟླ་ ༦ ནང་དབྱིན་ཇིའི་མི་དམངས་ཀྱིས་མང་མོས་འོས་བསྡུའི་ལམ་ནས་དབྱིན་ཡུལ་ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་ནས་ལོགས་སུ་ཐོན་རྒྱུའི་ཐག་གཅོད་བྱས་ཡོད་པ་རེད།  འོན་ཀྱང་དབྱིན་ཇིའི་མངའ་འོག་རྒྱལ་ཕྲན་ སཀོཊ་ལེནཌ་གྱིས་དབྱིན་ཡུལ་གྱི་ཐག་གཅོད་དེ་ནི་སོཀཊ་ལེནཌ་ཐོག་བཙན་བཀེལ་བྱས་པ་ཡིན་པ་བརྗོད་དེ། སཀོཊ་ལེནཌ་མུ་འཐུད་ཡོ་རོབ་མཐུན་ཚོགས་ཀྱི་ཁོངས་སུ་གནས་རྒྱུའི་ཐག་གཅོད་བྱས་ཡོད་པ་རེད།
ཕྱི་ཟླ་ ༣ ཚེས་ ༢༨ ཉིན་དབྱིན་ཇིའི་སྲིད་བློན་ ཊེ་རེ་ས་ མཱེ་ཡིས་དབྱིན་ཡུལ་ཡོ་རོབ་མཐུན་ཚོགས་ནས་ལོགས་སུ་ཐོན་རྒྱུའི་ཤོག་གྲངས་དྲུག་ཅན་གྱི་ཡིག་ཆར་མིང་རྟགས་བཀོད་རྗེས།  སོཀཊ་ལེནཌ་གྱི་(Scotland)བློན་ཆེན་དང་པོ་ Nicola-Sturgeon ལགས་ཀྱིས་དབྱིན་ཡུལ་ཡོ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་གྱི་Brexit ཞེས་པའི་ཆབ་སྲིད་ཀྱི་འགྱུར་བ་དེ་མི་དམངས་ལ་བཙན་འགེལ་བྱེད་པ་ཞིག་མ་ཡིན་པར། Scotland་མི་དམངས་ཀྱིས་སོཀཊ་ལེནཌ་(Scotland)ཡོ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་བྱེད་དང་། ཡང་ན་རང་བཙན་རྒྱལ་ཁབ་བྱེད་དགོས་མིན་ཐོག་༢༠༡༨ལོའི་ལོ་མཇུག་ཏུ་མང་མོས་འོས་བསྡུ་གནང་དགོས་མིན་སོཀཊ་ལེནཌ་གྲོས་ཚོགས་ནང་གྲོས་གཞི་བཏོན་སྐབས་སུ། གྲོས་ཚོགས་འཐུས་མི་༦༩ ཡིས་རྒྱབ་སྐྱོར་དང་འཐུས་མི་༥༩ ཡིས་ངོ་རྒོལ་བྱས་པའི་གྲུབ་འབྲས་སུ་རང་བཙན་བྱེད་མ་བྱེད་ཐོག་འོས་བསྡུ་གནང་རྒྱུར་གྲོས་ཚོགས་ནང་མང་མོས་རྒྱབ་སྐྱོར་ཐོབ་ཡོད་པ་རེད། འོན་ཀྱང་དབྱིན་ལེན་གཞུང་གིས་ཡོ་རོབ་སྒྲིག་འཛུགས་ནས་ཕྱིར་འཐེན་བྱེད་མ་ཚར་བར་དུ། Scotland རང་བཙན་བྱེད་དང་མ་བྱེད་ཀྱི་མང་མོས་ཐག་གཅོད་གནང་རྒྱུར་བཀག་བསྡོམས་བྱེད་ཀྱི་ཡིན་ཞེས་གསུངས་ཡོད་འདུག
དབྱིན་ཡུལ་རྒྱལ་ཁབ་དེ་ཉིད་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་མི་ནས་ཕྱིར་འཐེན་ཆེད། ཡོ་རོབ་ཡུལ་གྲུ་ པོར་ཇུ་གྷལ་གྱི་གྲོང་ཁྱེར་ལིསི་སྦོན་དུ་བཞག་པའི་གྲོས་མཐུན་གྱི་ཡིག་ཆ་ཨང་༥༠ ནང་གསལ་བ་ལྟར། ཕྱིར་འཐེན་གྱི་སྙན་ཞུའི་སྟེང་། དབྱིན་ལེན་གྱི་སྲིད་བློན་ལྕམ་ཊེ་རི་ས་མཱེ་ཡིས་མཚན་རྟགས་བཀོད་པ་དང་། དེས་ཡོ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་གྱི་བརྒྱུད་རིམ་དངོས་སུ་འགོ་འཛུགས་བྱེད་ཐུབ་ཀྱི་ཡོད་འདུག་པ་མ་ཟད། ཕྱི་ལོ་༢༠༡༩ ལོའི་ཟླ་༣ པའི་སྔོན་དུ་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག
ཕྱི་ལོ་༢༠༡༤ ལོར་scotlandཡུལ་དེ་རང་བཙན་བྱེད་དང་མ་བྱེད་ཐོག་མང་མོས་འོས་བསྡུ་གནང་བར་ཆ་ཤས་ལེན་མཁན་མི་མང་རྒྱ་ཆ་༨༥ བྱུང་བ་ནས་དགག་ཆ་བྱེད་མཁན་བརྒྱ་ཆ་༥༥ དང་རང་བཙན་དགོས་ཟེར་མཁན་བརྒྱ་ཆ་༤༥ བྱུང་ནས་རང་བཙན་དགོས་ཟེར་མཁན་ཚོར་ཕམ་ཉེས་བྱུང་ཡོད་པ་རེད། འོན་ཀྱང་ད་ལྟའི་སྐབས་སུ་དབྱིན་ལེན་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ནས་ཕྱིར་ཐོན་གནང་རྒྱུས་གཙོས་ཆབ་སྲིད་ཀྱི་འགྱུར་ལྡོག་ཁྲོད་གནས་སྟངས་མ་འདྲ་བ་ཞིག་ཆགས་ཡོད་སྟབས་མི་དམངས་ལ་སླར་ཡར་རང་བཙན་དགོས་མིན་སྐོར་མང་མོས་འོས་བསྡུ་ཐེངས་གཉིས་པ་གནང་ཕྱོགས་ཐད་གྲོས་ཚོགས་ནང་བཀའ་བསྡུར་གནང་ནས་འོས་བསྡུ་གནང་རྒྱུར་མང་མོས་རྒྱབ་སྐྱོར་ཐོབ་པ་ཞིག་ཡིན་པ་རེད།

གསར་འགོད་པ་རྡོ་རྗེ་དགྲ་འདུལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎