རང་སྲེག་དང་འབྲེལ་བའི་དཔེ་དེབ་ལྔ།

2013-02-27
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
རང་སྲེག་དང་འབྲེལ་བའི་དེབ་ལྔ་དབུ་འབྱེད།
སྲིད་ཚབ་ནང་སྲིད་བཀའ་བློན་མཆོག་ནས་དཔེ་དེབ་དབུ་འབྱེད་གནང་བཞིན་པ།
བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས།

༄༅། །དེ་རིང་ཚེས་ ༢༧ ཉིན་དྷ་ས་གངས་སྐྱིད་སྤྱི་ཐབ་ཀྱི་ཚོགས་ཁང་དུ་བཞུགས་སྒར་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་ཀ་ཉག་ཚེ་རིང་ལགས་དང་བློ་བཟང་ཡེ་ཤེས་ལགས་གཉིས་ཀྱིས་གཙོ་འགན་ཐོག་རང་ལུས་མེར་སྲེག་དང་འབྲེལ་བའི་ལོ་རྒྱུས་ཡིག་ཚགས་དཔེ་དེབ་རྒྱ་བོད་དབྱིན་ཡིག་ཐོག་པར་སྐྲུན་གནང་བ་རྣམས་སྲིད་ཚབ་ནང་སྲིད་བཀའ་བློན་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་དབུ་འབྱེད་གནང་འདུག
མཛད་སྒོ་དེའི་ཐོག་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་དོན། དཔེ་དེབ་འདི་བཞིན་བོད་ནང་རྒྱལ་གཅེས་པ་གྲྭ་བཀྲ་བྷེ་ལགས་དང་བཙན་བྱོལ་ནང་རྒྱལ་གཅེས་པ་ཐུབ་བསྟན་དངོས་གྲུབ་ལགས་ཀྱིས་དབུས་རང་ལུས་མེར་གཏོང་མཁན་རྣམ་པའི་ལོ་རྒྱུས་ཀྱི་བརྗོད་བྱ་གཙོ་བོར་བྱས་པ་དང་། ཆབ་སྲིད་དང་འབྲེལ་བའི་ཉེས་མིང་འོག་བོད་མི་སྡུག་སྦྱོང་མྱངས་དང་མྱོང་བཞིན་པ་རྣམས་ཀྱི་ཡིག་ཚགས་ཕྱོགས་བསྡུས་བྱས་པ་ཞིག་ཡིན་ཞེས་གསུངས་ཡོད་པ་རེད།    །