རང་ལུས་མེར་སྲེག་གི་ཞི་རྒོལ་གནང་མཁན་དབང་ཕྱུག་ཚེ་བརྟན་རེད།

2017-04-18
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
དབང་ཕྱུག་ཚེ་བརྟན་ལགས་ཀྱིས་རང་ལུས་མེར་སྲེག་གི་ཞི་རྒོལ་གནང་སྐབས། ༢༠༡༧།༤།༡༥
དབང་ཕྱུག་ཚེ་བརྟན་ལགས་ཀྱིས་རང་ལུས་མེར་སྲེག་གི་ཞི་རྒོལ་གནང་སྐབས། ༢༠༡༧།༤།༡༥
བོད་འབྱོར།

དཀར་མཛེས་རྫོང་ཐོག་ཏུ་རང་ལུས་མེར་སྲེག་གནང་མཁན་བོད་མི་དེ་ཉག་རོང་ནས་ཡིན་པ་དབང་ཕྱུག་ཚེ་བརྟན་ལགས་རེད་འདུག
དེ་ཡང་འདི་གའི་གསར་འགོད་པས་གནས་ཚུལ་བཏང་བ་ལྟར་ན། འདི་ཟླའི་སྤྱི་ཚེས་༡༥ ཉིན་ཟི་ཁྲོན་དཀར་མཛེས་རྫོང་ཐོག་ཏུ་རང་ལུས་མེར་སྲེག་གནང་མཁན་བོད་མི་དེ་ཕ་ཡུལ་ཉག་རོང་ཨ་བསེ་འབྲུག། དིལ་ཁོག་བཞི་མདོ་ཡུལ་ཚོ་ནས་ཡིན་པ། རང་ལོ་ ༣༠ ཙམ་ལ་སོན་པའི་མི་སྐྱ་དབང་ཕྱུག་ཚེ་བརྟན་ལགས་ཡིན་འདུག ཁོང་གིས་རང་ལུས་མེར་སྲེག་བཏང་རྗེས་དུས་ཚོད་ཅུང་ཙམ་ལས་མ་འགོར་བའི་རྗེས་རྒྱ་མིའི་ཉེན་རྟོག་རུ་ཁག་གིས་སྐུ་གཟུགས་ཀྱི་སྟེང་འབར་བཞིན་པའི་མེ་བསད་པ་དང་། དེ་མ་ཐག་ཉེན་རྟོག་པས་ཁོང་བཙན་འཁྱེར་བྱས་སྟབས། ཁོང་འཆི་སོན་གྱི་གནས་སྟངས་སོགས་ཞིབ་ཕྲའི་གནས་ཚུལ་ད་བར་ཤེས་རྟོགས་མེད་པ་རེད།
དེ་བཞིན་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་བྱུང་རྗེས་དཀར་མཛེས་ཕྱོགས་སུ་རྒྱ་ནག་གིས་དམ་དྲག་བྱས་ནས་རྫོང་དང་གྲོང་ཚོ་རིམ་པའི་ཆོག་མཆན་མེད་པར་རྫོང་ཐོག་ཏུ་གང་བྱུང་འགྲོ་ཆོག་གི་མེད་པ་དང་།  ས་གནས་གཅིག་ནས་གཞན་དུ་འགྲུལ་བསྐྱོད་སྐབས་རྒྱ་ནག་གི་ཉེན་རྟོག་པས་ངོ་སྤྲོད་ལག་འཁྱེར་གསུམ་ཙམ་ལ་ཞིབ་གཤེར་སོགས་བྱེད་དེ་དམ་དྲག་ནན་པོ་བྱེད་བཞིན་ཡོད་འདུག

གསར་འགོད་པ་སངས་རྒྱས་རྡོ་རྗེ།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།