རང་སྲེག་དོན་རྐྱེན་ལ་ངོ་རྒོལ་གྱི་ཡིག་ཆ།

བོད་ཀྱི་དགོན་པ་དང་སྡེ་བ་སོ་སོའི་ནང་རྒྱ་གཞུང་གིས་མི་སྣ་རྩ་འཛུགས་ཀྱིས་བརྡ་ཁྱབ་ཤོག་ངོས་༣༠ཅན་ཞིག་ཡིག་ཐོག་དང་ཚགས་པར་སོགས་ཀྱི་ཐོག་ཁ་སང་དེ་རིང་གསར་དུ་གང་སར་བཀྲམ་བཞིན་ཡོད་འདུག
2013-01-04
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

༄༅།    །བོད་དོན་ཆེད་རང་ལུས་མེར་སྲེག་གཏོང་མཁན་མང་ཤོས་བྱུང་སའི་བོད་ཤར་ཕྱོགས་རྔ་བ་དང་རེབ་གོང་ཀན་ལྷོ་སོགས་གཙོ་བོར་འགྱུར་བའི་བོད་ཀྱི་དགོན་པ་དང་སྡེ་བ་སོ་སོའི་ནང་རྒྱ་གཞུང་གིས་མི་སྣ་རྩ་འཛུགས་ཀྱིས་བརྡ་ཁྱབ་ཤོག་ངོས་༣༠ཅན་ཞིག་ཡིག་ཐོག་དང་ཚགས་པར་སོགས་ཀྱི་ཐོག་ཁ་སང་དེ་རིང་གསར་དུ་གང་སར་བཀྲམས་བཞིན་ཡོད་འདུག
ཡིག་ཆ་འདི་བཀྲམས་དགོས་པའི་རྒྱུ་རྐྱེན་ནི།    རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་མི་འབྱུང་ཆེད་དང་། བོད་དུ་རང་ལུས་མེར་སྲེག་གི་དོན་རྐྱེན་བསྟུད་མར་འབྱུང་རྐྱེན་གཙོ་བོ་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡིན་པ་དང་།    རང་སྲེག་གི་ངན་སྐུལ་གྱི་རེ་ངན་ནི།    བོད་རང་བཙན་ཡིན་ཚུལ་ར་འཕྲོད་ཡོང་ཆེད་བདེན་དཔང་གི་ཚུལ་དུ་བཀྲམས་པ་ཞིོག་ཡིན་པ་དང་།    རྒྱ་ནག་གིས་མང་ཚོགས་ལ་སློབ་གསོ་རྒྱག་སྐབས་རང་སྲེག་ནི་ཆོས་ལུགས་དང་འགལ་བ་ཡིན་ཚུལ་དང་།    ཏཱ་ལའི་ཁ་བྲལ་ལ་ངོ་རྒོལ་དང་དགག་རྒྱག་བྱེད་དགོས་པ་སོགས་བཙན་དབང་གིས་བོད་ཀྱི་ས་ཁུལ་དང་།  རྫོང་།  ཤང་  སོགས་ལ་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་འདུག།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།