བོད་མི་བརྒྱ་ཕྲག་ཁ་ཤས་ནས་ངོ་རྒོལ།

ཉི་མ་གཉིས་ནང་བོད་མི་དྲུག་གིས་བོད་དོན་ཆེད་རང་སྲེག་བཏང་བའི་གནས་ཚུལ་བྱུང་བར་བརྟེན། བཞུགས་སྒར་རྡ་རམ་ས་ལར་བོད་མི་བརྒྱ་ཕྲག་མང་པོས་མྱ་ངན་གསོལ་འདེབས་དང་ངོ་རྒོལ་གྱི་འདུ་འཛོམས་ཤིག་གནང་འདུག
2012-11-08
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

༄༅།    །བོད་ཀྱི་དབུས་གཞོན་ནུ་ལྷན་ཚོགས་དང༌། བོད་ཀྱི་བུད་མེད་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག འདས་པའི་ཉིན་མ་གཉིས་ཀྱི་ནང་སྐུ་ལུས་མེར་སྲེག་གཏོང་གནང་མཁན་བོད་མི་དྲུག་པོ་རྣམ་ཀྱི་དབུས་པའི་ད་བར་བོད་རྩ་དོན་ཆེད་རང་སྲེག་གནང་མཁན་གྱི་བོད་མི་༦༩བྱུང་བ་རྣམས་ལ་དམིགས་ནས་རྡ་ས་གཙུག་ལག་ཁང་དུ་དེ་རིང་ཕྱི་ཚེས་༨ཉིན་གསོལ་འདེབས་སྨོན་ལམ་གྱི་དམིགས་བསལ་འདུ་ཚོིགས་ཤིག་གནང་ཡོད་པ་རེད། སྨོན་ལམ་མཆོད་འབུལ་གྱི་ལས་འགུལ་གྲུབ་པའི་ཆེད་ཚོགས་ཕེབས་སེར་སྐྱ་མི་དམངས་རྣམས་རུ་ཏར་བསྒྲིགས་ནས་རྔམ་སྟོན་ཁྲོམ་སྐོར་གྱི་སྐད་འབོད་གཞི་རྒྱ་ཆེན་པོ་ཞིག་གནང་ཡོད་པ་རེད།


རྒྱ་གར་ཁུལ་གྱི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༡༨པ་ཚོགས་རྒྱུའི་སྔ་ནུབ་དེར་ཉི་མ་གཅིག་ནང་བོད་མི་ལྔས་དུས་གཅིག་ལ་སྐུ་ལུས་མེར་སྲེག་བཏང་གནང་ཡག་དེ་དམར་ཤོག་ཚོགས་པའི་ཚོགས་ཆེན་དང༌།  རྒྱ་ནག་གིས་བོད་ཐོག་འཛིན་པའི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལ་ཐད་ཀར་ངོ་རྒོལ་བྱས་པ་ཞིག་མཚོན་གྱི་ཡོད་ཅེས་འགྲེལ་བརྗོད་གནང་བཞག།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།