ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་ཨ་རིའི་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག།

2017-11-07
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གྱིས་ད་ལྟའི་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་བྱང་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གནང་ཡོད་པ།
བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གྱིས་ད་ལྟའི་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་བྱང་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གནང་ཡོད་པ།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས།

༄༅། །དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གྱིས་ད་ལྟའི་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་བྱང་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གྱིས་ཁོང་ནས་འདི་ལོའི་ཕྱི་ཟླ་ ༡༢ པའི་ཚེས་ ༡ ནས་ལས་འཁུར་འགོ་འཛུགས་གནང་རྒྱུ་ཡིན་པའི་གསལ་བསྒྲགས་གནང་འདུག
བོད་མིའི་སྒྲིག་འཛུགས་ཀྱིས་སྤེལ་བའི་གསལ་བསྒྲགས་དེའི་ནང་། བཀའ་བློན་དངོས་གྲུབ་ཚེ་རིང་ལགས་ཕྱི་ལོ་ ༡༩༥༣ ལོའི་ཕྱི་ཟླ་ ༧ ཚེས་ ༡ ཉིན་བོད་སྐྱིད་གྲོང་དུ་འཁྲུངས་ཏེ། དེ་ནས་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་རྗེས་སིམ་ལ་གཏན་སློབ་དང༌། ཅན་དྷི་གྷར་མཐོ་སློབ་བཅས་པར་སློབ་གཉེར་གནང་ཡོད་པ་དང༌། དེ་རྗེས་སྐབས་བདུན་པའི་བོད་མི་མང་དབུས་གཙང་སྤྱི་འཐུས་དང༌། ཕྱི་ལོ་ ༡༩༨༣  ལོར་ཤེས་རིག་ལས་ཁུངས་ཀྱི་དྲུང་གཞོན་ནས་འགོ་འཛུགས་ཀྱིས་ནང་སྲིད་ལས་ཁུངས་དང། བོད་གཞུང་ཟློས་གར་གྱི་འགན་འཛིན་དང༌། ཤེས་རིག་དྲུང་ཆེ་དང༌། ནང་སྲིད་དྲུང་ཆེ་གནང་སྟེ་ཕྱི་ལོ་ ༢༠༠༢ ལོར་རྩ་དགོངས་ཐོབ་སྟེ་ཨ་རིར་གནས་བཞུགས་གནང་བ་དང༌། དེ་ནས་ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༡༦ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བཀའ་བློན་ཁ་སྐོང་དུ་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ཚོགས་དུས་ ༨ པའི་སྟེང་སྤྱི་མོས་བདམས་ཐོན་བྱུང་བ་བཞིན། བོད་རྒྱལ་ལོ་ ༢༡༤༡ རབ་གནས་ཤིང་རྟ། གྲོ་བཞིན་ཟླ་བའི་ཚེས་ ༢༤།  ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༡༧ ཉིན་ནས་ད་བར་ཤེས་རིག་ལས་ཁུངས་ཀྱི་བཀའ་བློན་ལས་འཁུར་ཞུ་མུས་ཡིན་པའི་གནས་ཚུལ་བཀོད་འདུག
གསར་འགོད་པ་ངག་དབང་ཆོས་འཕེལ།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།