རང་ལུས་མེར་སྲེག་མ་གནང་པར་བོད་ཀྱི་རྩ་དོན་ཆེད་ནུས་པ་འདོན་རོགས།

2017-08-02
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག 2017/8/2
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག 2017/8/2
RFA

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་མི་ཚོས་རང་ལུས་མེར་བསྲེག་གི་ལམ་ནས་ངོ་རྒོལ་མི་བྱེད་པར་ཤེས་ཡོན་གྱི་ལམ་ནང་བོད་ཀྱི་འཐབ་རྩོད་ཀྱི་ལས་དོན་རྒྱུན་སྐྱོང་བྱེད་དགོས་པ་གསུངས་འདུག
དེ་ཡང་ཟླ་བ་འདིའི་སྤྱི་ཚེས་༢་ཉིན་བཞུགས་སྒར་ངྷ་རམ་ལ་ནས་ཉེ་ཆར་ཕྱི་ཟླ་ ༧ ཚེས་ ༢༩ ནིན་རང་ལུས་མེར་བསྲེགས་གནང་མཁན་པ་སངས་དོན་གྲུབ་ལགས་ཀྱི་སྐུ་ཕུང་ཞུགས་འབུལ་མ་ཞུས་སྔོན་ལྷ་རྒྱལ་རིར་མྱ་ངན་མཆོད་འབུལ་ཞིག་གནང་ཡོད་ཅིང་། དེའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་སོགས་ཆེད་ཕེབས་གནང་ཡོད་པ་རེད།  སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཀྱིས་གསར་འགོད་ཁག་གིས་བཅར་འདྲིར་བཀའ་ལན་གནང་པའི་སྐབས།
གཞི་རྩའི་རང་ལུས་མེར་སྲེག་གནང་མཁན་རྣམས་ཀྱི་ཀུན་སློང་དང་ལྷག་བསམ་ལ་ང་ཚོས་ངོས་ལེན་ཞུ་བཞིན་ཡོད། འོན་ཀྱང་བཀའ་ཤག་ནས་བོད་ནང་ཡིན་ནའང་རང་ལུས་མེར་སྲེག་མ་གཏང་རོགས་ཞེས་ཞུ་བཞིན་ཡོད་ཅེས་དང་།  ལྷག་པར་དུ་བཙན་བྱོལ་ནང་ཡོད་པ་ཚོར་ལས་འགུལ་གང་འདྲ་ཞིག་སྤེལ་ཡང་རང་དབང་ཆ་ཚང་ཡོད་པར་བརྟེན།  སོ་སོའི་ལུས་སྲོག་རྩ་ཆེན་ཡིན་པ་ངོས་འཛིན་དང་ལྡན་པའི་ཐོག་ནས་མི་ཚེ་སྐྱེལ་རྒྱུ་དང་། རྩ་དོན་ཆེད་རང་ལུས་མེར་བསྲེག་མིན་པའི་ལས་འགུལ་མང་དག་ཞིག་སྤེལ་རྒྱུ་ཡོད་པ་དེ་དག་གི་ཐོག་ནས་རྩ་དོན་རྩོད་དགོས་རྒྱུ་གལ་ཆེན་པོ་ཡིན་པ་གསུངས་འདུག།  ད་དུང་ཁོང་གིས་རྒྱུ་མཚན་དེ་དག་ལ་བརྟེན་བཙན་བྱོལ་ནང་རང་ལུས་མེར་བསྲེག་གི་རིགས་ལ་མོས་མཐུན་རྩ་བ་ནས་གནང་རྒྱུ་་གསུངས་པའི་ཁར།  ད་རེས་མྱ་ངན་མཆོད་འབུལ་ཐོག་བཅར་བ་འདི་ནི་ནང་པ་ཞིག་ཡིན་པའི་ཆ་ནས་རང་ལུས་མེར་སྲེག་གནང་ནས་འདས་གྲོངས་སུ་གྱུར་བ་ཞིག་གི་མཆོད་འབུལ་ཆེད་བཅར་བ་ཡིན།  བཀའ་ཤག་ནང་བཀའ་བློན་རྣམ་པ་འདི་ལྟར་བཅར་མིན་ཐད་དང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་བཙན་བྱོལ་ནང་རང་ལུས་མེར་བསྲེགས་གནང་མཁན་ཚོའི་སྐོར་འགོད་མིན་སོགས་བཀའ་བསྡུར་ཡང་བྱུང་ཡོད་པས། རིང་མིན་འདིའི་ཐོག་ཐག་ཆོད་ཞིག་ཡོང་སྲིད་པ་གསུངས་འདུག

གསར་འགོད་པ་ལྕགས་མོ་འཚོ།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།