སྲིད་སྐྱོང་མཆོག་ལྡི་ལིར་གཞུང་འབྲེལ་ཕྱོགས་ཕེབས་གནང་རྒྱུ།
2016.05.09
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་རྒྱ་གར་རྒྱལ་ས་ལྡི་ལིར་གཞུང་འབྲེལ་ཕྱོགས་བསྐྱོད་གནང་རྒྱུ་ཡིན་པ།
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་དོན་ལྟར་ན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཕྱི་ལོ་༢༠༡༦་ཟླ་་༥་ཚེས་་༡༠་ནས་༡༢་བར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད་པ་དང་། གོང་ཚེས་ཉིན་རྡ་རམ་སཱ་ལའི་གྷ་གལ་གནམ་ཐང་བརྒྱུད་ལྡི་ལིར་ཕེབས་འབྱོར་གནང་རྗེས། ཕྱི་ཚེས་༡༡་ཉིན་རྒྱ་གར་གཞུང་གི་ཆེས་མཐོའི་མི་སྣ་ཁག་དང་མཇལ་འཕྲད་གནང་རྒྱུ་ཡིན་པ་ལས་རྒྱ་གར་གྱི་མཐོ་རིམ་མི་སྣ་སུ་སུར་མཇལ་འཕྲད་གནང་རྒྱུ་ཡིན་པ་སོགས་ཀྱི་གནས་ཚུལ་ཁ་གསལ་བཀོད་མེད་པ་རེད།
དེ་རྗེས་ཕྱི་ཚེས་༡༢་ཉིན་ལྡི་ལི་ནས་ཕྱིར་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག།
གསར་འགོད་པ་ཀརྨ་རྡོ་རྗེ།