བློ་བཟང་ཐུབ་བསྟན་ནས་རྔ་བ་རྫོང་དུ་ཞི་རྒོལ།


2016.05.02
བློ་བཟང་ཐུབ་བསྟན་ནས་རྔ་བ་རྫོང་དུ་ཞི་རྒོལ། དགེ་འདུན་པ་བློ་བཟང་ཐུབ་བསྟན་ལགས་ཀྱི་རྔ་པ་རྫོང་དུ་ཞི་རྒོལ་གནང་སྐབས་དེ་མ་ཐག་ཉེན་རྟོག་པས་བཙན་ཁྲིད་བྱས་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། ཀུན་བཟང་བསྟན་འཛིན།

༄༅།    ། བོད་ནང་གི་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་ཐུབ་བསྟན་ལགས་ཀྱིས་རྔ་བ་རྫོང་དཔའ་བོའི་ཁྲོམ་གཞུང་དུ་ཞི་རྒོལ་སྐད་འབོད་གནང་སྐབས་དེ་མ་ཐག་ཉེན་རྟོག་པས་བཙན་ཁྲིད་བྱས་འདུག
ཟླ་བ་འདིའི་ཚེས་༢ཉིན་གྱི་ས་གནས་ཀྱི་ཕྱི་དྲོའི་ཆུ་ཚོད་༣ཙམ་ལ་དགེ་འདུན་པ་བློ་བཟང་ཐུབ་བསྟན་ལགས་ཀྱིས་ཕྱག་ཏུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ཞིག་མཐོན་པོར་བཀྱག་ནས་སྐད་འབོད་གནང་བཞིན་རྔ་བ་རྫོང་གི་དཔའ་བོའི་ཁྲོམ་གཞུང་དུ་བསྐྱོད་སྐབས་དེ་མ་ཐག་ཏུ་ཉེན་རྟོག་པས་བཙན་འཁྲིད་བྱས་ཡོད་པ་རེད།    ཡང་གནས་ཚུལ་ཡོངས་ཁུངས་ནས་བརྗོད་ན།    དགེ་འདུན་པ་བློ་བཟང་ཐུབ་བསྟན་ལགས་ནི་རྔ་བ་ཀིརྟི་དགོན་པ་ནས་ཡིན་ཞིང་།    སྐྱེས་ཡུལ་རྔ་བ་རྫོང་རྨེ་རུ་མ་ཡུལ་ཚོའི་རུ་ཆེན་དང་པོ་ནས་ཡིན་པ་དང་།ད་ལྟའི་ཆར་ཁོང་གི་གནས་སྟངས་ག་འདྲ་ཆགས་ཡོད་མེད་སོགས་ཅི་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པར་བརྟེན།    ཁོང་གི་ནང་མི་ཚོས་ཐུགས་ཁྲལ་ཆེན་པོ་བྱེད་བཞིན་ཡོད་པ་རེད་འདུག
གསར་འགོད་པ་ལྕགས་མོ་འཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དགེ་འདུན་པ་བསྟན་འཛིན་མཁྱེན་རབ་ལགས་ཀྱི་ཨ་མ་སྦོ་རྡེ་ལགས་སེམས་འཁྲལ་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎