མཛོད་དགེ་ནས་བསོད་ནམས་འཚོ་ཡིས་རང་ལུས་མེར་བསྲེཊ་འདུག

2016-05-06
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
བསོད་ནམས་འཚོ་ཡི་ཉེ་པར།
བསོད་ནམས་འཚོ་ཡི་ཉེ་པར།
བོད་འབྱོུར།

མཛོད་དགེ་རྫོང་ཨ་སྐྱིད་སེ་ར་དགོན་པའི་གླིང་ནས་བསོད་ནམས་འཚོ་ཡིས་བོད་དོན་ འབོད་ཚིག་སྒྲོག་བཞིན་རང་ལུས་མེར་བསྲེཊ་རྗེས་སྐུ་གྲོངས་འདུག
དེ་ཡང་འདི་གའི་གསར་འགོད་པ་བསོད་ནམས་སྟོབས་རྒྱལ་གྱིས་གནས་ཚུལ་བཏང་བ་ལྟར་ན། སྤྱི་ལོ་༢༠༡༦ལོའི་ཟླ་༣པའི་ཚེས་༢༣་རེས་གཟའ་ལྷག་པ་ཉིན་གྱི་ཉིན་གུང་ཙམ་ལ། རྔ་བ་ཁུལ་མཛོད་དགེ་རྫོང་ཨ་སྐྱིད་སེ་ར་དགོན་པའི་གླིང་ནས་བུད་མེད་བསོད་ནམས་ འཚོ་ཡིས་བོད་དོན་འབོད་ཚིག་སྒྲོག་བཞིན་རང་ལུས་མེར་བསྲེགས་བཏང་གནང་ཡོད་པ་བོད་ ནས་བོད་མི་ཞིག་གིས་གནས་ཚུལ་ངོ་སྤྲོད་གནང་འདུག། ངོ་སྤྲོད་པས་བརྗོད་དོན། སྐབས་དེར་ཁོ་མོས་བོད་ལ་རང་དབང་ཡོད་དགོས་བ་དང་། ༧རྒྱལ་དབང་ཡིད་བཞིན་ནོར་བུ་ཕྱིར་བོད་ལ་ཕེབས་དགོས་ཚུལ་སོགས་ཀྱི་འབོད་ཚིག་ བསྒྲགས་ཡོད་པར་དེ་མ་ཐག་དགོན་པའི་དགེ་འདུན་པ་ཞིག་དང་ཁོང་མོའི་བཟའ་ཟླ་གཉིས་ ཀྱིས་མེ་གསོད་ཐབས་བྱས་ནས་དགེ་འདུན་པ་ཞིག་གི་གྲ་ཤག་ལ་འཁྱེར་བ་དང་། དེ་ནས་སྨན་ཁང་ལ་འཁྱེར་ཐབས་གནང་སྐབས་མ་ཕན་པར་འདས་གྲོངས་སུ་ཕྱིན་འདུག། གནས་ཚུལ་འདི་ས་གནས་རྒྱ་ནག་གི་ཉེན་རྟོག་པས་ཤེས་རྟོགས་བྱུང་རྗེས། དགོན་པའི་དགེ་འདུན་པ་ཚུལ་ཁྲིམས་དང་ཁོང་གི་བཟའ་ཟླ་གཉིས་ཐེངས་ཁ་ཤས་ལ་སྐོང་ འགུག་དང་བཀག་ཉར་བྱས་ནས་འདྲི་རྩད་བྱས་ཡོད་པ་མ་ཟད། ཁ་པར་ནང་གི་འདྲ་སོགས་སུབ་ཏུ་བཅུག་ཡོད་པ་རེད་འདུག
བསོད་ནམས་འཚོ་ནི། ཟི་ཁྲོན་ཞིང་ཆེན་རྔ་བ་ཁུལ་མཛོད་དགེ་རྫོང་ཨ་སྐྱིད་མདོ་ཚ་སྡེ་བ་ནས་ཡིན་པ་དང་། ད་ལོ་དགུང་ལོ་༥༠་ཙམ་ཡིན་འདུག། གནས་ཚུལ་འདི་ས་གནས་སུ་དམ་དྲག་གི་གནས་སྟངས་དང་། མི་མང་པོས་མཐོང་མེད་པ་སོགས་ཀྱི་རྐྱེན་པས་ད་བར་ཕྱི་ཕྱོགས་སུ་དུས་ཐོག་འབྱོར་ མེད་པ་རེད།
བསོད་ནམས་འཚོ་བརྩིས་བས་ད་བར་རྒྱ་ནག་གི་སྟངས་འཛིན་དབང་བསྒྱུར་འོག་བོད་ནང་གི་ བོད་མིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་ལ་ཞི་རྒོལ་གནང་མཁན་བོད་མི་མི་ གྲངས་༡༤༥བྱུང་ཡོད་པ་དང་། སྤྱི་ལོ་༢༠༡༦་ལོར་ད་བར་བོད་མི་མི་གྲངས་༢་ཀྱིས་བོད་ནང་རང་ལུས་མེར་བསྲེག་བཏང་ ཡོད་པ་རེད།
* གནས་ཚུལ་འདིའི་ཐད་འདི་ག་རླུང་འཕྲིན་ཁང་གིས་མུ་མཐུད་ནས་རྩད་གཅོད་བྱེད་བཞིན་པ་ཡིན།

གསར་འགོད་པ་ཀླུ་འབུམ།།
གནས་ཚུལ་ཞིབ་ཕྲ་འདི་གའི་གསར་འགོད་པ་བསོད་ནམས་སྟབས་རྒྱལ་ལགས་ཀྱིས་ལྡི་ལི་ནས་བཏང་བའི་གནས་ཚུལ་ལ་གསན་རོགས།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།