ལྷོཀོརི་ཡས་བྱང་ཀོརི་ཡར་ལངས་ཕྱོཊ་མཁྲེཊ་པོ་འཛིན་རྒྱུ།

ལྷོ་ཀོ་རི་ཡའི་སྲིད་འཛིན་མཆོག་ནས་བྱང་ཀོ་རི་ཡའི་ཐོག་ལངས་ཕྱོགས་མཁྲེགས་ཙམ་འཛིན་རྒྱུ་ཡིན་ལུགས་གསུངས་ཡོད་པའི་གནས་ཚུལ།

2010.12.24

༄༅༎ལྷོ་ཀོ་རི་ཡའི་སྲིད་འཛིན་མཆོག་ནས་བྱང་ཀོ་རི་ཡའི་ཐོག་ལངས་ཕྱོགས་ཁྲེགས་ཙམ་འཛིན་རྒྱུ་ཡིན་ལུགས་གསུངས་འདུག

སྤྱིར་བཏང་ལྷོ་བྱང་ཀོ་རི་ཡ་ཡུལ་གཉིས་དབར་ལོ་ངོ་བཅུ་ཕྲག་འགའ་ཤས་རིང་འཁོན་འཁྲུགས་ཡོད་མུས་ཡིན་པའི་ཁར་ལོ་འདིའི་འགོ་སྟོད་ནས་བཟུང་བྱང་ཀོ་རི་ཡའི་ངོས་ནས་གྲུ་གཟིངས་ཀྱི་གཏོར་རྒོལ་བཏང་ནས་ལྷོ་ཀོ་རི་ཡའི་མི་བཞི་བཅུ་ལྷག་ཙམ་རྐྱེན་ལམ་དུ་བཏང་བ་དང་། ཉེ་ཆར་སླར་ཡང་ས་མཚམས་ནས་བྷོམ་རྫས་ཀྱི་གཏོར་རྒོལ་བཏང་བ་སོགས་ཡང་ནས་ཡང་དུ་ལྷོ་ཀོ་རི་ཡར་སུན་གཙེར་བཟོས་ཡོད་པ་རེད།

གནད་དོན་དེ་དག་གི་ཐོག་ད་ལྟའི་ལྷོ་ཀོ་རི་ཡའི་སྲིད་འཛིན་ངོས་ནས་བྱང་ཀོ་རི་ཡར་བརྡ་ལན་ནན་པོ་ཞིག་སྤྲོད་ཀྱི་མེད་ལུགས་ཕྱི་ནང་གཉིས་ཀའི་ཐོག་ནས་ཁོང་ལ་སྐྱོན་བརྗོད་ཤུགས་ཆེ་བྱེད་ཀྱི་ཡོད་པ་དང་། ཁོང་གི་གཞུང་འཛིན་ལའང་རང་བཞིན་གྱི་དོ་ཕོག་འགྲོ་རྒྱུའི་ཉེན་ཁའི་ངང་གནས་ཡོད་པ་རེད།

འོན་ཀྱང་ལྷོ་ཀོ་རི་ཡའི་སྲིད་འཛིན་ལི་མཆོག་གི་ཉེ་ཆར་དམག་མི་ཚོར་གསུང་བཤད་གནང་བའི་ནང་། ད་བར་ང་ཚོས་བཟོད་བསྲན་བྱེད་ནས་ཞི་བདེའི་ཁོར་ཡུག་ཤིག་སྐྲུན་ཐབས་བྱེད་ནས་བསྡད་པ་ཡིན། ད་ཆ་ཕར་ཕྱོགས་ནས་དེ་ལས་ལྡོག་སྟེ་ང་ཚོའི་བཟོད་བསྲན་ལ་བཟང་ཕྱོགས་ཀྱི་རྣམ་པ་གང་ཡང་མེད་སྟབས་ང་ཚོའི་ངོས་ནས་ཀྱང་དེ་དང་བསྟུན་པའི་ལངས་ཕྱོགས་འཛིན་རྒྱུ་ཡིན་ཞེས་གཏམ་བཤད་སྤེལ་གནང་ཡོད་པ་རེད།

 

 

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎