ཨབ་ག་ནི་སི་ཐན་ནང་དམག་དོན་མིན་པའི་རོགས་སྐྱོར།

ཨ་རིས་ཨབ་ག་ནི་སི་ཐན་ནང་དམག་དོན་མིན་པའི་ལས་དོན་རོགས་སྐྱོར་གནང་རྒྱུའི་འབོད་སྐུལ་ལ་ཐའེ་ལྦན་གཞུང་གིས་བསྐྱར་ཞིབ་གནང་གི་ཡོད་པ།

2009.12.29

༄༅༎ཨ་རིས་ཨབ་ག་ནི་སི་ཐན་ནང་དམག་དོན་མིན་པའི་ལས་དོན་རོགས་སྐྱོར་གནང་རྒྱུའི་འབོད་སྐུལ་ལ་ཐའེ་ལྦན་གཞུང་གིས་བསྐྱར་ཞིབ་གནང་གི་ཡོད་པའི་སྐོར་རེས་གཟའ་མིག་དམར་ཉིན་ཐའེ་ལྦན་གྱི་དཔོན་རིགས་ནས་འགྲེལ་བརྗོད་གནང་བཞག

ཐའེ་ལྦན་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་ཇེམ་སི་ཀྲང་གིས་ཐའེ་ལྦན་གཞུང་ནས་ཨབ་ག་ནི་སི་ཐན་ནང་དམག་དོན་གྱི་ལས་དོན་མིན་པའི་རོགས་སྐྱོར་སྤེལ་རྒྱུའི་ཨ་རིའི་དགོས་འདུན་ལ་བསྐྱར་ཞིབ་བྱེད་བཞིན་པའི་སྐོར་འགྲེལ་བརྗོད་གནང་བ་ལས་ཞིབ་ཕྲའི་གནས་ཚུལ་གང་ཡང་གསུང་མེད་པ་རེད་ འདས་པའི་ལོ་ངོ་ཁ་ཤས་ནང་ཨབ་ག་ནི་སི་ཐན་གྱི་འཇིགས་སྐུལ་དྲག་སྤྱོད་ཕྱོགས་ཁག་ལ་ཁ་གཏད་ཀྱི་དམག་འཐབ་ཛ་དྲག་བྱུང་ཏེ་དམག་མི་མང་པོའི་ཚེ་སྲོག་ཤོར་བཞིན་པར་བརྟེན་ནས་གནས་སྟངས་དེ་མགྱོགས་མྱུར་མཚམས་འཇོག་ཡོང་ཐབས་སུ་ཨ་རིའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་ཡིས་ཁ་སྔོན་ཨབ་ག་ནི་སི་ཐན་གྱི་ཏ་ལེ་སྦན་འཇིགས་སྐུལ་དྲག་སྤྱོད་པར་ཁ་གཏད་ཀྱི་ཨ་རིའི་དམག་དཔུང་ད་ཡོད་ཁྲི་བདུན་དང་ཆིག་སྟོང་ཡོད་བཞིན་པའི་ཐོག ད་དུང་དམག་མི་གསུམ་ཁྲི་ཁ་སྣོན་གཏོང་རྒྱུའི་ཐག་གཅོད་གནང་ཡོད་པ་དང་ཨ་རི་དང་ཐའེ་ལྦན་དབར་གྱི་གཞུང་འབྲེལ་འབྲེལ་ལམ་༡༩༧༩ལོར་ཨ་རི་གཞུང་གིས་མཚམས་འཇོག་བྱས་ནས་རྒྱ་ནག་དང་གཞུང་འབྲེལ་འབྲེལ་ལམ་བཙུགས་ཡོད་པ་དང་ཡིན་ནའི་ཨ་རིའི་གྲོས་ཚོགས་ནས་དེའི་སྐབས་ཐའེ་ལྦན་གྱི་འབྲེལ་ལམ་སྲིད་བྱུས་ཞེས་པ་ཞིག་གཏན་འབེབས་བྱས་པའི་ནང་དོན་གཞིར་ཟུང་ཨ་རིས་ད་བར་ཐའེ་ལྦན་ལ་གོ་མཚོན་སོགས་ཕྱིར་ཚོང་གིས་ཐའེ་ལྦན་གྱི་སྲུང་སྐྱོབ་ལས་དོན་ཐོག་རོགས་རམ་གནང་མུས་ཡིན་པ་བཞིན་  ད་རེས་ཐའེ་ལྦན་གྱིས་ཨབ་ག་ནི་སི་ཐན་ནང་དམག་དོན་ལས་དོན་མིན་པའི་ཞི་བའི་རོགས་སྐྱོར་ལས་དོན་སྤེལ་རྒྱུའི་ཨ་རིའི་དགོས་འདུན་ལ་ཐའེ་ལྦན་གཞུང་གིས་ཀྱང་བསྐྱར་ཞིབ་གནང་བཞིན་ཡོད་པ་རེད་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་དགུང་གྲངས་༥༢ཐོག་འདས་གྲོངས་སུ་ཕྱིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎