རྒྱ་ནག་དང་གྲོས་མོལ་རྒྱུན་གནས་ཀྱི་ཐབས་ལམ་འཚོལ་རྒྱུ་ཡིན།


2016.06.29
ཐེ་ཝན་གྱི་སྲིད་འཛིན་གསར་བ་ལྕམ་ཚའེ་ཡེ་ཝུན་Tsai Ing-wenགྱིས་དམ་འབུལ་མཛད་སྒོ། ༢༠༡༦།༥།༢༠ ཐེ་ཝན་གྱི་སྲིད་འཛིན་གསར་བ་ལྕམ་ཚའེ་ཡེ་ཝུན་Tsai Ing-wenགྱིས་དམ་འབུལ་མཛད་སྒོ། ༢༠༡༦།༥།༢༠
Xiaxiao Hua

རྒྱ་ནག་གཞུང་གིས་གནས་སྐབས་རིང་ཐེ་ཝན་དང་ལྷན་དུ་གཞུང་འབྲེལ་འབྲེལ་བ་བྱེད་རྒྱུ་མཚམས་འཇོག་བྱས་བའི་སྐོར་བཤད་པའི་རྗེས། ཚེས་༢༨་རེས་གཟའ་མིག་དམར་ཉིན་ཐེ་ཝན་གྱི་སྲིད་འཛིན་ལྕམ་Tsai Ing-wen་མཆོག་གིས། རྒྱ་ནག་དང་གྲོས་མོལ་མུ་མཐུད་རྒྱུན་གནས་ཡོང་རྒྱུའི་ཐབས་ལམ་འཚོལ་སྒྲུབ་གནང་རྒྱུ་ཡིན་ལུགས་གསུངས་ཡོད་པ་རེད།
རྒྱ་ནག་གཞུང་གིས་ཐེ་ཝན་ནི་རྒྱ་ནག་གི་ཞིང་ཆེན་ཞིག་ཡིན་པ་ངོས་འཛིན་བྱེད་པ་ལྟར་ལྕམ་Tsai Ing-wen་གྱིས། ཉེ་ཆར་ཕྱི་ཟླ་ལྔ་པའི་ནང་ཐེ་ཝན་སྲིད་འཛིན་གྱི་མཛད་འཁུར་བཞེས་པའི་རྗེས་རྒྱ་ནག་གཞུང་གིས་ལྕམ་Tsai Ing-wen་གྱིས་ཐེ་ཝན་དངོས་སུ་རང་བཙན་ཐོག་ལ་ལམ་ཕྱོགས་སྣེ་ཁྲིད་བྱེད་སྲིད་པའི་བློ་དོགས་ཀྱིས་ཁོང་གི་ཐོག་ལ་སྔར་ལས་དོགས་ཟོན་ཆེར་བསྐྱེད་བྱེད་ཀྱི་ཡོད་པ་རེད།
སྲིད་འཛིན་ལྕམ་Tsai Ing-wen་ནི་ཐེ་ཝན་རང་བཙན་གྱི་འདོད་ཕྱོགས་འཛིན་མཁན་དམངས་གཙོ་ཡར་ཐོན་ཚོགས་པའི་ཚོགས་གཙོ་ཡང་ཡིན་ཞིང་། ཁོང་གིས་
ཐེ་ཝན་གྱི་ཕྱི་འབྲེལ་འབྲེལ་ལམ་ཡོད་པའི་ལྷོ་ཨ་མི་རི་ཀའི་ཡུལ་གྲུ་Paraguay་ནང་འཚམས་འདྲི་གནང་བའི་སྐབས་གསར་འགོད་པར། རྒྱ་ནག་དང་ཐེ་ཝན་ཕན་ཚུན་སྔོན་དང་ད་ལྟ་ཡོད་པའི་གནས་སྟངས་གང་ཡོད་པ་དེ་དག་རྒྱུན་གནས་ཡོང་རྒྱུའི་འདོད་པ་ཡོད་པ་དང་དེའི་ཐོག་ནས་ཞི་བདེ་བསྐྲུན་རྒྱུའི་འབད་བརྩོན་བྱ་རྒྱུ་ཡིན་པའི་སྐོར་གསུངས་ཡོད་པ་རེད། འོན་ཀྱང་རྒྱ་ནག་གི་ཕྱོགས་ནས་༡༩༩༢་ལོར་ཐེ་ཝན་གྱི་སྲིད་དབང་གོ་མིན་ཏང་གིས་དབང་འཛིན་བྱེད་པའི་སྐབས་ལ། རྒྱ་ནག་དང་ཐེ་ཝན་གཉིས་པོ་རྒྱ་ནག་གཅིག་ཡིན་པ་མོས་མཐུན་བྱས་པའི་མཐུན་གྲོས་དེ་ལྕམ་Tsai Ing-wen་གྱིས་ཁས་ལེན་བྱ་དགོས་པའི་མཐར་སྐྱེལ་གཏོང་གི་ཡོད་པ་མ་ཟད། ཕྱི་ཟླ་དྲུག་པའི་ཚེས་༢༥་ཉིན་རྒྱ་ནག་གཞུང་གིས་ཐེ་ཝན་གྱི་གཞུང་གསར་པས་རྩ་དོན་དེ་ངོས་ལེན་མ་བྱས་པར་བརྟེན་ནས་རྒྱ་ནག་གིས་གནས་སྐབས་རིང་ཐེ་ཝན་དང་ལྷན་དུ་གཞུང་འབྲེལ་འབྲེལ་བ་བྱེད་རྒྱུ་མཚམས་འཇོག་བྱས་ཡོད་ལུགས་བཤད་ཡོད་པ་རེད། འོན་ཀྱང་ཐེ་ཝན་སྲིད་འཛིན་ནས་ཐེ་ཝན་གཞུང་ཆབ་སྲིད་ཚོགས་པ་སུས་འཛིན་ཡང་ཁྱད་པར་གང་ཡང་མེད་པར་ཐེ་ཝན་གྱི་ཕྱོགས་ནས་དུས་རྟག་ཏུ་ཐོུང་གི་བསྒྲུབ་ཆའི་ཐོག་ནས་ཐེ་ཝན་མཚོ་ཁག་ཕན་ཚུན་ཞི་བདེ་དང་བརྟན་ལྷིང་རྒྱུན་གནས་ཡོང་ཐབས་གནང་རྒྱུ་དེ་ཡིན་པའི་སྐོར་གསུངས་ཡོད་པ་རེད།

གསར་འགོད་པ་ཉི་མ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎