རྒྱ་ནག་གིས་ཐེ་ཝན་གྱི་མཐུན་ཕྱོགས་ལ་གནོན་ཤུགས་སྤྲོད་ཀྱི་འདུག

2017-06-15
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
ཐེ་ཝན་གྱི་སྲིད་འཛིན་གསར་བ་ལྕམ་ཚའེ་ཡེ་ཝུན་Tsai Ing-wenགྱིས་དམ་འབུལ་མཛད་སྒོ། ༢༠༡༦།༥།༢༠
ཐེ་ཝན་གྱི་སྲིད་འཛིན་གསར་བ་ལྕམ་ཚའེ་ཡེ་ཝུན་Tsai Ing-wenགྱིས་དམ་འབུལ་མཛད་སྒོ། ༢༠༡༦།༥།༢༠
Xiaxiao Hua

རྒྱ་ནག་གིས་བརྩི་འཇོག་གང་ཡང་མེད་པའི་ཐོག་ནས་ཐེ་ཝན་གྱི་མཐུན་ཕྱོགས་རྒྱལ་ཁབ་ལྔ་ལ་ཡུལ་དེ་དག་གི་ནང་ཡོད་པའི་ཐེ་ཝན་གྱི་གཞུང་ཚབ་ལས་ཁུངས་ཀྱི་མིང་བརྗེ་པོ་རྒྱག་དགོས་པའི་གནོན་ཤུགས་སྤྲོད་བཞིན་འདུག་ཅེས་ཐེ་ཝན་གཞུང་གིས་བརྗོད་འདུག
དེ་ཡང་Reuters གསར་ཁང་གིས་སྤྱི་ཚེས་༡༥་ཉིན་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གིས་ཐེ་ཝན་གྱི་སྐུ་ཚབ་ལས་ཁུངས་ཀྱི་མིང་བརྗེ་པོ་རྒྱག་དགོས་པའི་གནོན་ཤུགས་སྤྲོད་བཞིན་པའི་རྒྱལ་ཁབ་དེ་ཚོ་ནི་དཀྱིལ་ཤར་ཨེ་ཤེ་ཡའི་ཁུལ་གྱི་Arab སྤྱི་མཐུན་རྒྱལ་ཁབ་དང་། Bahrain, Jordan ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་Ecuador, ནུབ་ཨ་ཧྥི་རི་ཀའི་རྒྱལ་ཁབ་Nigeria བཅས་ཡིན་ཞིང་། འདི་ནི་དབུས་ཨ་མི་རི་ཀའི་ཁུལ་གྱི་Panamaས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་ངོས་ལེན་བྱས་པའི་ཐོག་གཟའ་འཁོར་འདིའི་ནང་ཐེ་ཝན་དང་གཞུང་གི་འབྲེལ་ལམ་མཚམས་བཅད་པའི་རྗེས་སུ་གནས་ཚུལ་བྱུང་བ་ཞིག་རེད་འདུག
དེ་ཡང་ཐེ་ཝན་ཕྱི་སྲིད་ལྷན་ཁང་གིས་རེས་གཟའ་ཕུར་བུའི་ཉིན་གསལ་བསྒྲགས་ཞིག་སྤེལ་བའི་ནང་། རྒྱ་ནག་གིས་གོང་ཞུས་རྒྱལ་ཁབ་ལྔ་པོ་དེ་དག་ལ་ཐེ་ཝན་གྱི་གཞུང་ཚབ་ལས་ཁུངས་ཀྱི་མིང་དེ་བཞིན་ཐེ་ཝན་གྱི་རང་དབང་གཙང་མའི་བདག་དབང་དང་འབྲེལ་བ་མེད་པ་དཔེར་ན། ཐེ་ཝན་ཚོང་འབྲེལ་ལས་ཁུངས་ཞེས་བསྒྱུར་དགོས་ཚུལ་གྱི་དགོས་འདུན་བཏོན་བཞིན་ཡོད་ཅེས་དང་། རྒྱ་ནག་གིས་ང་ཚོར་བརྩི་འཇོག་གང་ཡང་མེད་པའི་ཐོག་ནས་བཙན་གནོན་བྱེད་བཞིན་ཡོད་པ་དེས་ཐེ་ཝན་མི་དམངས་ཀྱི་འཚོ་བར་གནོད་འཚེ་ཚབས་ཆེན་པོ་གཏོང་བཞིན་ཡོད་ཅེས་སོགས་འཁོད་ཡོད་པ་རེད།
རྒྱ་ནག་གི་བདུན་རེའི་འཆར་ཅན་གསར་འགོད་ལྷན་ཚོགས་ཐོག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་Lu Kangགིས། ཐེ་ཝན་གྱི་འདོད་དོན་སྐོར་ལ་ར་སྤྲོད་གང་ཡང་བྱས་མེད།  ཡིན་ནའང་ཁོང་གིས་རྒྱ་ནག་དང་གཞུང་འབྲེལ་འབྲེལ་ལམ་བཙུགས་པ་ལ་རྒྱ་ནག་གཅིག་གི་སྲིད་བྱུས་ལ་མོས་མཐུན་བྱེད་དགོས་པ་དེ་ནི་ཆབ་སྲིད་ཀྱི་སྔོན་འགྲོའི་ཆ་རྐྱེན་གལ་ཆེ་ཞིག་རེད་ཅེས་སོགས་བརྗོད་འདུག

གསར་འགོད་པ་རིག་ལྡན་སྒྲོལ་མ།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།