ཏེ་ལོ་རིན་པོ་ཆེས་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད།

2017-11-07
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
འཛམ་གླིང་ནང་པའི་ཚོགས་ཆེན་ཐེངས་བདུན་པའི་ཐོག་སོག་པོའི་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་དང་དགེ་བཤེས་བྱང་ཆུབ་ཆོས་ལྡན་ལགས་ལྷན་ཞུགས་གནང་ཡོད་པ།
འཛམ་གླིང་ནང་པའི་ཚོགས་ཆེན་ཐེངས་བདུན་པའི་ཐོག་སོག་པོའི་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་དང་དགེ་བཤེས་བྱང་ཆུབ་ཆོས་ལྡན་ལགས་ལྷན་ཞུགས་གནང་ཡོད་པ།
ཤྲི་ལངྐའི་སྲིད་འཛིན་མཆོག་གི་ངོ་དེབ།

༄༅། །འཛམ་གླིང་ནང་པའི་ཚོགས་ཆེན་ཐེངས་བདུན་པའི་སྟེང་དུ་སོག་པོའི་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་བོད་བརྒྱུད་ནང་བསྟན་གྱི་བྱུང་འཕེལ་དང་འབྲེལ་ནས་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར་ངོ་སྤྲོད་ཤུགས་ཆེ་གནང་ཡོད་འདུག
ཤྲི་ལངྐའི་ Sri Lanka གཞུང་གིས་འགན་ཁུར་རྐང་བཞེས་ཐོག་ཉི་ཧོང་ནང་པའི་ཆོས་ཚོགས་Nenbusushu ཞེས་པའི་གོ་སྒྲིག་འོག་ཤྲི་ལངྐའི་ནང་འཛམ་གླིང་ནང་པའི་ཚོགས་ཆེན་ཐེངས་བདུན་པ་ཚོགས་ཡོད་པ་དང་། ཚོགས་བཅར་བ་རྒྱལ་ཁབ་ཁག་ ༤༧ ནས་སྐུ་ཚབ་འཐུས་མི་དང་ཆོས་ལུགས་དབུ་ཁྲིད་སོགས་ཕེབས་འདུག་ཅིང་།
དབུ་འབྱེད་མཛད་སྒོའི་ཐོག་ཤྲི་ལངྐའི་སྲིད་འཛིན་སྐུ་ཞབས་Mr Maithripala Sirisena མཆོག་དང་། སྲིད་བློན་སྐུ་ཞབས་Ranil Wickremesinghe  མཆོག་སོགས་ཆེད་ཕེབས་ཀྱིས་གསུང་བཤད་གནང་འདུག
ཕྱི་ཚེས་ ༣ ནས་ ༤ བཅས་ཉིན་གྲངས་གཉིས་རིང་སྐུ་ཚབ་འཐུས་མི་རྣམ་པས་སོ་སོའི་རྒྱལ་ཁབ་ནང་དུ་ནང་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་འཕེལ་རིམ་དང་དཀའ་ཁག་གི་སྐོར་ནས་ལས་སྡོམ་གནང་ཡོད་ལ།ཚོགས་འདུ་དེར་སོག་པོའི་སྐུ་ཚབ་ཏེ་ལེོ་རིན་པོ་ཆེ་མཆོག་མཉམ་ཞུགས་ཀྱིས་བོད་དུ་ནང་བསྟན་དར་ཚུལ་དང་འབྲེལ་ནས་གསུང་བཤད་གནང་དོན།དུས་རབས་ ༢༠ ནང་ཨུ་རུ་སུ་དང་སོག་ཡུལ་གཉིས་དམར་ཤོག་རིང་ལུགས་ཀྱི་སྲིད་དབང་འོག་དཀའ་སྡུག་ཧ་ཅང་མྱངས་ཡོད་ཅིང་། དམར་ཤོག་གི་སྲིད་དབང་སྐབས་ཡུལ་གྲུ་དེ་དག་ནང་དུ་ནང་པའི་དགོན་པ་མང་པོ་གཏོར་བཤིག་བཏང་བ་མ་ཟད། དགེ་འདུན་པ་སྟོང་ཕྲག་བརྒལ་བ་བཙན་དབང་འོག་སྐྱ་སར་ཕབ་པ་དང་། མང་པོ་ཞིག་བཙོན་འཇུག་འོག་མནར་གཅོད་ཕོག་ཡོད་ནའང་།ཕྱིས་སུ་ཡུལ་གྲུ་དེ་དག་ནང་དུ་བསྟན་པའི་མེ་རོ་རིམ་བཞིན་སླར་གསོ་བྱ་རྒྱུའི་བསྐལ་བཟང་གི་དུས་ཤིག་ད་ལྟ་གནས་བཞིན་ཡོད་ནའང་།བོད་མི་ནང་པའི་ཆོས་གྲོགས་མང་པོ་ཞིག་ད་ལྟ་བོད་ནང་རྒྱ་ནག་དམར་པོའི་སྲིད་གཞུང་འོག་དཀའ་སྡུག་ཧ་ཅང་མྱངས་དང་མྱོང་བཞིན་པ་རྣམས་ང་ཚོས་ནམ་ཡང་བརྗེད་མི་རུང་ཞེས་དང་།རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ནང་པ་ཚོར་ནང་ཆོས་ཉམས་ལེན་དང་ཁྱབ་སྤེལ་བྱ་རྒྱུའི་ཐོབ་ཐང་རྩ་བ་ནས་སྤྲོད་ཀྱི་མེད་པའི་ཁར་བོད་བརྒྱུད་ནང་བསྟན་གྱི་སློབ་གཉེར་བསྟི་གནས་ཁང་ཆེ་ཤོས་སུ་གྲགས་པ་གསེར་རྟ་བླ་རུང་སྒར་གཏོར་བཤིག་བཏང་དང་གཏོང་བཞིན་ཡོད།  དམར་ཤོག་རིང་ལུགས་འོག་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་སྟེ། དཀའ་སྡུག་མྱོང་བཞིན་པ་རྣམས་ང་ཚོས་ནམ་ཡང་བརྗེད་མི་རུང་། ངས་ནང་པའི་ཆོས་གྲོགས་ཕོ་མོ་ཚོར་བོད་མི་དང་བོད་དོན་ལ་རྒྱབ་སྐྱོར་གནང་རོགས་ཞུ་རྒྱུ་ཡིན་ཞེས་གསུངས།
ཡང་རིན་པོ་ཆེ་མཆོག་གིས་ཚོགས་བཅར་བས་བཏོན་པའི་བོད་དུ་དགོན་སྡེ་མང་བོ་གཏོར་བཤིག་གཏོང་བཞིན་ཡོད་ནའང་།རྒྱ་ནག་ནང་ལོག་ཏུ་ནང་བའི་ལྷ་ཁང་མང་བོ་བཞེངས་བཞིན་པའི་དམིགས་ཡུལ་དང་དགོས་དོན་གྱི་དྲི་བར་ལན་འདེབས་གནང་དོན།རྒྱ་ནག་ནང་ལོག་ཏུ་ལྷ་ཁང་བཞེངས་སྐྲུན་བྱེད་བཞིན་པ་དེ་ནི་གཙོ་བོ་རྒྱ་ནག་གཞུང་གིས་ཡུལ་སྐོར་སྤྲོ་འཆམ་བརྒྱུད་དཔལ་འབྱོར་ཁེ་ཕན་ཁོ་ནའི་ཆེད་ཡིན་པ་ལས། ཅི་སྟེ་སངས་རྒྱས་ཀྱི་བསྟན་པ་ཁོ་ནའི་སླད་དོན་དམ་རྒྱ་ནག་གཞུང་ལ་སེམས་ཁུར་ཡོད་ཚེ་བོད་ནང་དགོན་སྡེ་ཁག་དང་གྲྭ་བཙུན་རྣམས་ལ་དམ་བསྒྲགས་བྱེད་དགོས་དོན་གང་ཡིན་ ཞེས་ལན་འདེབས་གསལ་བཤད་གནང་འདུག
བོད་དོན་ཐོག་རིན་པོ་ཆེ་མཆོག་གིས་ཤུགས་ཆེན་པོ་གསུང་པར་བརྟེན་ཚོགས་འདུ་གྲོལ་རྗེས་སྐུ་ཚབ་འཐུས་མི་མང་པོ་ཞིག་ཁོང་གི་དྲུང་དུ་བཅར་ནས་ཁོང་གི་གསུང་བཤད་ལ་བསྔགས་བརྗོད་ཤུགས་ཆེན་ཞུས་ཡོད་འདུག།
གསར་འགོད་པ་འཆི་མེད།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།