བསྟན་འཛིན་ཆོས་དབྱིངས་ལགས་ཀྱི་སྐུ་ཕུང་བཞུགས་སྒར་དུ་འབྱོར་བ།


2017.07.25
བསྟན་འཛིན་ཆོས་དབྱིངས་ལགས་ཀྱི་སྐུ་ཕུང་བཞུགས་སྒར་དུ་འབྱོར་བ། ཁོང་གི་ཕ་མ་གཉིས་ཀྱིས་གཞོན་སྐྱེས་ཚོས་བོད་ཀྱི་རྩ་དོན་ཆེད་སློབ་སྦྱོང་ཧུར་ཐག་གནང་བ་ལས་རང་ལུས་མེར་བསྲེག་རྩ་བ་ནས་མ་གནང་བའི་འབོད་སྐུལ་གནང་བ།
བོད་ཀྱི་གཞོན་ནུ་ལྷན་ཚོགས།

༄༅༎རྒྱ་གར་ཝཱ་ར་ཎ་སིའི་མཐོ་སློབ་ཀྱི་སློབ་མ་བསྟན་འཛིན་ཆོས་དབྱིངས་ལགས་ཀྱིས་ཕྱི་ཚེས་༡༤ཉིན་རང་ལུས་མེར་སྲེག་གནང་ཏེ་ཚེས་༢༢ཉིན་འདས་གྲོངས་སུ་གྱུར་བའི་རྗེས་ཁོང་གི་སྐུ་ཕུང་ལྡི་ལི་ནས་བཞུགས་སྒར་དུ་དེ་རིང་འབྱོར་ཡོད་འདུག  བསྟན་འཛིན་ཆོས་དབྱིངས་ལགས་ཀྱི་སྐུ་ཕུང་བཞུགས་སྒར་དུ་འབྱོར་བའི་སྐབས་ཁོང་གི་ཕ་མ་གཉིས་ཀྱིས་མ་འོངས་བོད་པའི་གཞོན་སྐྱེས་ཚོས་བོད་ཀྱི་རྩ་དོན་ཆེད་སློབ་སྦྱོང་ཧུར་ཐག་གནང་བ་ལས་རང་ལུས་མེར་སྲེག་རྩ་བ་ནས་མ་གནང་བའི་འབོད་སྐུལ་ཤུགས་ཆེ་གནང་ཡོད་འདུག   བསྟན་འཛིན་ཆོས་དབྱིངས་ལགས་ཀྱི་ཨ་མ་ལགས་ནས་ཁོང་ད་ལོ་སློབ་གྲྭ་ནས་ནང་ལ་གུང་སེང་དུ་སླེབས་པའི་སྐབས་ཁོང་གིས་མ་འོངས་བོད་དོན་ཆེད་ལས་ཀ་ཆེན་པོ་ཞིག་བྱས་ཚེ་ཨ་མ་ཁྱེད་ཀྱི་ག་རེ་བསམ་པ་འདུག་ཅེས་སྐད་ཆ་དྲིས་པ་དང་། རང་ལུས་མེར་སྲེག་བཏང་ནས་སྨན་ཁང་དུ་བཞུགས་པའི་སྐབས་སུ་ཡང་ཁོང་གིས་ཨ་མ་ལགས་སུ་མིག་ཆུ་མ་བཏང་རོགས་ཅེས་གསུངས་ཡོད་པའི་སྐོར་འགྲེལ་བརྗོད་གནང་འདུག  བསྟན་འཛིན་ཆོས་དབྱིངས་ལགས་ཀྱི་པཱ་ལགས་ནས་བོད་མིའི་མི་འབོར་ཧ་ཅང་ཉུང་ཉུང་ཡིན་པར་བརྟེན་རང་ལུས་མེར་སྲེག་རྩ་བ་ནས་བཏང་རྒྱུ་མེད་པ་དང་། མ་འོངས་གཞོན་སྐྱེས་ཚོས་སློབ་སྦྱོང་ལ་དོ་སྣང་གནང་ཏེ་བོད་དོན་རྩོད་ལེན་གནང་རྒྱུ་དེ་གལ་ཆེ་ཡིན་པའི་འབོད་སྐུལ་གནང་འདུག།
གསར་འགོད་པ་འཆི་མེད་ལྷུན་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་འདོན་ས་ཚིགས་གསར་རྒྱག་ཆེད་ཨ་ཚོགས་བདེ་ཆེན་ཆོས་འཁོར་གླིང་དང་སྡེ་བ་གཉིས་བཙན་གྱིས་གཏོར་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎