རྟའུ་ནས་བསྟན་འཛིན་རྒྱ་མཚོ་ཡིས་རང་ལུས་མེར་བསྲེཊ་གནང་འདུག


2015.05.20
རང་ལུས་མེར་བསྲེགས་གནང་མན་བསྟན་འཛིན་རྒྱ་མཚོ་ལགས་ཀྱི་ཉེ་པར། རང་ལུས་མེར་བསྲེགས་གནང་མན་བསྟན་འཛིན་རྒྱ་མཚོ་ལགས་ཀྱི་ཉེ་པར།
བོད་འབྱོར།

རྟའུ་ནས་བོད་མི་བསྟན་འཛིན་རྒྱ་མཚོ་ཡིས་རྒྱ་ནག་གཞུང་ལ་རང་ལུས་མེར་བསྲེགས་ཀྱི་ཞི་རྒོལ་གནང་པ་དང་རྒྱ་ནག་གིས་ས་གནས་སུ་དམ་དྲག་བྱས་འདུག
དེ་ཡང་བོད་ནས་གནས་ཚུལ་འབྱོར་བ་ལྟར་ན། དེ་རིང་སྤྱི་ལོ་༢༠༡༥ཟླ་༥ཚེས་༢༠ཉིན་གྱི་དགོང་དྲོར་བོད་མི་བསྟན་འཛིན་རྒྱ་མཚོ་ཡིས་དཀར་མཛེས་རྟའུ་རྫོང་། ཁང་གསར་ཡུལ་ཚོའི་ཟམ་པ་དང་། ས་གནས་རྒྱ་ནག་གི་ཡུལ་ཚོའི་ལས་ཁུངས་ཡོད་སའི་ཉེ་འགྲམ་ནས་རང་ལུས་མེར་བསྲེགས་གནང་སྟེ་རྒྱ་ནག་གིས་བོད་ཐོག་དམ་དྲག་གི་སྲིད་ཇུས་ལ་མི་འདོད་ངོ་རྒོལ་མཚོན་ཐབས་བྱས་ཡོད་པ་དང་། ད་ལྟ་བོད་ཕྱི་ལ་ཡོད་པའི་རྟའུ་བསྟན་འཛིན་གྱིས་འདི་གར་བརྗོད་དོན། རྟའུ་ལ་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་བྱུང་བ་བདེན་པ་རེད། རང་ལུས་མེར་བསྲེགས་བཏང་མ་ཐག་གློ་བུར་ས་གནས་སུ་སྔ་ས་ནས་ཡོད་པའི་རྒྱ་ནག་གི་ཉེན་རྟོག་པས་ཁོང་གི་ལུས་སྟེང་གི་མེ་བསད་ནས་བཙན་འཁྱེར་བྱས་ཡོད་པ་དང་། དཀར་མཛེས་རྟའུ་རྫོང་ཐོག་དང་ས་གནས་སུ་རྒྱ་ནག་གིས་དམག་མི་མང་པོ་དཀྲམ་ནས་དམ་དྲག་ཆེན་པོ་བྱས་ཡོད་པས་དེའི་རྗེས་ཀྱི་གནས་སྟངས་གསལ་བོ་ཤེས་རྟོགས་དཀའ་བ་བརྗོད་བྱུང་།
དེ་མ་ཐག་འདི་ག་རླུང་འཕྲིན་ཁང་གིས་རྟའུ་ཕྱོགས་ཀྱི་རྒྱ་ནག་གི་ཉེན་རྟོག་ལས་ཁུངས་སུ་ཁ་པར་བཏང་ནས་གནས་ཚུལ་འདྲི་རྩད་བྱས་སྐབས་ཁ་པར་ལེན་མཁན་བྱུང་མ་སོང་།
འོན་ཀྱང་འབྲེལ་ཡོད་མི་སྣས་འདི་གར་ངོ་སྤྲོད་གནང་བ་ལྟར་ན། གོང་གི་རང་ལུས་མེར་བསྲེགས་གཏོང་གནང་མཁན་ཁོང་ནི་རྟའུ་རྫོང་ཁང་སར་ཕྱོགས་ཀྱི་བོད་མི་བསྟན་འཛིན་རྒྱ་མཚོ་ལགས་ཡིན་པ་དང་། ཁོང་ད་ལོ་དགུང་ལོ་༣༥ཙམ་ཡིན་པ་ངོ་སྤྲོད་བྱས་བྱུང་། ཁོང་ནི་ད་བར་རྒྱ་ནག་གི་སྟངས་འཛིན་འོག་བོད་ནང་གི་བོད་མིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་ལ་ཞི་རྒོལ་གནང་མཁན་མི་གྲངས་༡༤༠པ་ཡིན་པ་དང་། དེའི་ཁྲོད་རྟའུ་ཕྱོགས་སུ་ད་བར་གྲྭ་ཚེ་དབང་ནོར་བུ་དང་། དཔལ་ལྡན་ཆོས་མཚོ། འཕྲིན་ལས་རྣམ་རྒྱལ། བཙུན་མ་དབང་ཆེན་སྒྲོལ་མ། གྲྭ་སྐལ་བཟང་ཡེ་ཤེས་བཅས་ད་སྔའི་གནས་ཚུལ་ལྟར་ན་ད་བར་རང་ལུས་མེར་བསྲེགས་གནང་མཁན་༦ ཙམ་བྱུང་ཡོད་འདུག
འདི་ག་རླུང་འཕྲིན་ཁང་གིས་མུ་མཐུད་འདིའི་ཐད་གནས་ཚུལ་རྩད་ཞིབ་བྱེད་བཞིན་པ་ཡིན།

གསར་འགོད་པ་ཀླུ་འབུམ།

རང་ལུས་མེ་སྲེག་གནང་མཁན་བསྟན་འཛིན་རྒྱ་མཚོ་ལགས་ཀྱི་ཆེད་དུ་བཞུགས་སྒར་དུ་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་ཡོད་པའི་སྐོར། འདི་གའི་གསར་འགོད་པ་བློ་བྷེ་ཡིས་བཏང་བར་གསན་རོགས༎

གསར་འགོད་པ་བློ་བྷེ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་དགུང་གྲངས་༥༢ཐོག་འདས་གྲོངས་སུ་ཕྱིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎