མིང་དོན་མཚུངས་པའི་རང་སྐྱོང་གི་ཐོབ་ཐང་རྩོད་ལེན།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་མི་ཚོས་རང་བཙན་འཐབ་རྩོད་བྱེད་ཀྱི་མེད་པའི་ནན་བརྗོད་གནང་བ།
2012-04-29
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

༄༅༎བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་གྲོང་ཁྱེར་ཤི་ཁ་གོ་ནང་གི་མཛད་འཆར་ཁག་ལེགས་གྲུབ་ཀྱིས་ཁེ་ན་ཌའི་ནང་ཆིབས་བསྒྱུར་གྱིས་མཛད་འཆར་སྐྱངས་བཞིན་པ་ལྟར་གསར་འགོད་པར། བོད་མི་ཚོས་བོད་དེ་རྒྱ་ནག་ནས་རང་བཙན་རྩོད་ལེན་བྱེད་ཀྱི་མེད་ཀྱང་མིང་དོན་མཚུངས་པའི་རང་སྐྱོང་གི་ཐོབ་ཐང་རྩོད་ལེན་བྱེད་ཀྱི་ཡོད་པའི་སྐོར་བསྐྱར་དུ་ནན་བརྗོད་གནང་ཡོད་པ་རེད།དེ་ཡང་ཕྱི་ཟླ་བཞི་པའི་ཚེས་༢༨ རེས་གཟའ་སྤེན་པའི་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ལྦ་དུ་མི་དམངས་སྟོང་ཕྲག་བདུན་ལྷག་ལ་བཀའ་སློབ་བཀའ་འདྲིན་སྕལ་གནང་བའི་རྗེས། གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་བའི་ཐོག་བཀའ་གནང་དོན་ལ། ང་ཚོ་བོད་མི་ཚོས་རང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཚོ་གནས་ཀྱི་ཆེད་དུ་མིང་དོན་མཚུངས་པའི་རང་སྐྱོང་ཀྱི་ཐོབ་ཐང་རྩོད་ལེན་བྱེད་པ་ལས་རང་བཙན་རྩོད་ལེན་བྱེད་ཀྱི་མེད་པའི་སྐོར་གསལ་བཤད་གནང་ཡོད་ལ། ཁེ་ན་ཌའི་སྲིད་འཛིན་སྐུ་ཞབས་སི་ཀྲི་ཕེན་ཧའར་པཱར་ མཆོག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་ཐབས་དང། རྒྱ་ནག་དང་ཚོིང་འབྲེལ་འཕེལ་རྒྱས་གཏོང་ཐབས་གཉིས་བཟུང་འབྲེལ་གནང་གི་ཡོད་པའི་ཕྱག་ལས་ལ་བསྔགས་བརྗོད་ཀྱང་གནང་ཡོད་པ་རེད།།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།