༧གོང་ས་མཆོག་ཨ་རིར་ཆིབས་བསྒྱུར་མཛད་འཆར་སྐོར།

༧གོང་ས་མཆོག་གིས་རིང་མིན་ཨ་རིའི་མི་ཌལ་སྦེ་རི་གཙུག་ལག་སློབ་གྲར་བཀའ་སློབ་བསྩལ་གནང་མཛད་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག
2012-03-15
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

༄༅༎བོད་མིའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རིང་མིན་ཨ་རིའི་མི་ཌལ་སྦེ་རི་གཙུག་ལག་སློབ་གྲར་ཆིབས་བསྒྱུར་བསྐྱང་གནང་མཛད་དེ་ མཐོ་རིམ་སློབ་གྲའི་དགེ་ལས་སློབ་ཕྲུག་དང་ས་གནས་ཀྱི་མང་ཚོགས་བཅས་པར་བཀའ་སློབ་བསྩལ་གནང་མཛད་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག་༎
དེ་ཡང་ཨ་རིའི་ལྦར་མོནཏ་མངའ་སྡེའི་ནང་ཡོད་པའི་མི་ཌལ་སྦ་རི་གཙུག་ལག་སློབ་གྲའི་སློབ་སྤྱི་ལེ་སྦོཛ་ཡིས་སྣེ་འཁྲིད་གནང་པའི་དམིགས་བསལ་གོ་སྒྲིག་ཚོགས་ཆུང་གིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ རིང་མིན་ཕྱི་ཟླ་༡༠པའི་ཚེས་༡༢དང་༡༣བཅས་ཉིན་གཉིས་ཀྱི་རིང་ གོང་ས་སྐྱབས་མགོན་ཆེན་པོ་མཆོག་གཙུག་ལག་སློབ་གྲ་དེའི་ནང་ཆིབས་བསྒྱུར་བསྐྱང་གཏན་འཁེལ་ཡོད་པ་རེད་ མཛད་འཆར་ལྟར་ན་ ཚེས་༡༢ཉིན་༸གོང་ས་མཆོག་གིས་གཙུག་ལག་སློབ་གྲ་དེའི་ནེལ་སེན་ཚོགས་ཁང་ཆེན་མོའི་ནང་ ནང་སེམས་ཀྱི་ཤེས་ཡོན་གོང་འཕེལ་གཏོང་ཐབས་སྐོར་ དགེ་ལས་སློབ་ཕྲུག་རྣམས་ལ་བཀའ་སློབ་བསྩལ་གནང་མཛད་རྒྱུ་དང་ དེ་ནས་ཚེས་༡༣ཉིན་ འཛམ་གླིང་ཀུན་ལ་ཁྱབ་པའི་ཀུན་སྤྱོད་ཅེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་ལམ་སྟོན་གྱི་བཀའ་སློབ་གསུང་བཤད་བསྩལ་གནང་མཛད་རྒྱུ་ཡིན་འདུག མི་ཌལ་སྦེ་རི་ གཙུག་ལག་སློབ་གྲ་ཆེན་མོའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་༸གོང་ས་ཏ་ལའི་བླ་མ་མཆོག་གཙུག་ལག་སློབ་གྲ་ཆེན་མོར་ཆིབས་བསྒྱུར་གྱི་མཛད་འཆར་དེའི་བརྒྱུད་ གཙུག་ལག་སློབ་གྲའི་དགེ་ལས་སློབ་ཕྲུག་དང་ས་གནས་ཀྱི་མང་ཚོགས་ཁྲོད་ཤེས་རབས་དང་བྱམས་བརྩེ་ཀུན་སློང་འཕེལ་བའི་དགེ་ཚན་འགྲེལ་བརྗོད་གནང་པ་དང་གོང་ས་མཆོག་གིས་གཙུག་ལག་སློབ་གྲ་དེའི་ནང་བཀྲིན་ཞབས་བསོར་འཁོད་གནང་མཛད་རྒྱུར་ཞལ་བཞེས་གནང་པར་དགའ་བསུའི་ཡི་རང་བསྔགས་བརྗོད་ཞུས་འདུག་༎

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།