མཐོ་སྒང་བོད་ཀྱི་ཁོར་ཡུག་སྐོར་གོ་རྟོགས་སྤེལ་བའི་ལས་འགུལ།

བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ཁོར་ཡུག་ཚན་པས་རྒྱ་གར་བྱང་ཤར་ཁུལ་དུ་མཐོ་སྒང་བོད་ཀྱི་ཁོར་ཡུག་སྐོར་གོ་རྟོགས་ཀྱི་ལས་འགུལ་སྤེལ་འདུག
2012-05-04
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

༄༅༎བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ཁོར་ཡུག་ཚན་པས་རྒྱ་གར་བྱང་ཤར་ཁུལ་དུ་མཐོ་སྒང་བོད་ཀྱི་ཁོར་ཡུག་སྐོར་གོ་རྟོགས་ཀྱི་ལས་འགུལ་སྤེལ་ཡོད་འདུག
ཕྱི་ཟླ་བཞི་པའི་ཚེས་༢༠ནས་༢༧བར་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ཁོར་ཡུག་ཚན་པའི་ལས་བྱེད་འཇིགས་མེད་ནོར་བུ་ལགས་དང་བསྟན་པ་རྒྱལ་མཚན་འཛམ་ལྷ་ལགས་གཉིས་ཀྱིས་རྒྱ་གར་བྱང་ཤར་གྱི་ས་ཁུལ་མེའོ་ཆོས་འཕེལ་གླིང་དང་བསྟན་འཛིན་སྒང་ ཏི་ཛུ་དར་རྒྱས་གླིང་བཅས་ཀྱི་ནང་མཐོ་སྒང་བོད་ཀྱི་ཁོར་ཡུག་སྐོར་གོ་རྟོགས་སྤེལ་བའི་ལས་གཞི་ཞི་རྒྱ་ཆེན་བ་ཞིག་སྤེལ་ཡོད་ཅིང་འབྲེལ་ཡོད་ཕྱི་དྲིལ་ཁོར་ཡུག་ཚན་པའི་ལས་བྱེད་རྣམ་གཉིས་ཀྱིས་ད་ལྟའི་བོད་ཀྱི་ཁོར་ཡུག་གནས་སྟངས་ཞེས་པའི་བརྗོད་གཞིའི་ཐོག་གོ་ལ་སྤྱིའི་གནམ་གཤིས་འགྱུར་ལྡོག་དང་ དེས་མཐོ་སྒང་བོད་ཀྱི་ཁོར་ཡུག་ཐོག་དོ་ཕོག་ཇི་འདྲ་འགྲོ་བཞིན་ཡོད་མེད་ བོད་ཀྱི་་ཐང་ནས་བོད་མི་འབྲོག་པ་རྣམས་གཞིས་ཆགས་སུ་གནས་སྤོ་བྱས་དང་བྱེད་མུས་ཡིན་པའི་རྒྱ་མིའི་སྲིད་བྱུས་དེས་ བོད་ཀྱི་རྩྭ་ཐང་ལ་ཉམ་ཆག་ཇི་འདྲ་བཟོ་བཞིན་ཡོད་མེད་སོགས་ བོད་ཀྱི་རང་བྱུང་གཏེར་དངོས་རྣམས་རྒྱ་མིས་གང་བྱུང་བསྔོག་སྟོན་བྱེད་ཚུལ་ བོད་ཀྱི་རྒྱུག་ཆུ་དེ་དག་གླིང་ཆེན་ཨི་ཤི་ཡའི་ཁུལ་དུ་གལ་གནད་ཆེ་ཆུང་ཇི་འདྲ་ཆགས་ཡོད་མེད་དང་ བོད་ཀྱི་སྟོང་ལ་ཉེ་བའི་རི་དྭགས་བཅས་ཀྱི་སྐོར་གློག་ཀླད་འཕྲུལ་ཆས་ལམ་ནས་བརྙན་པར་དང་ པར་རིགས་  གཏམ་བཤད་དང་བགྲོ་གླེང་སོགས་གནང་ཡོད་འདུག སྤྱིར་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ཁོར་ཡུག་ཚན་པས་ལོ་ལྟར་མཐོ་སྒང་བོད་ཀྱི་ཁོར་ཡུག་ཐོག་རྒྱ་གར་གཙོ་བོར་གྱུར་བའི་རྒྱལ་སྤྱིའི་སྡིངས་ཆའི་ཐོག་གོ་རྟོགས་སྤེལ་རྒྱུའི་ལས་གཞི་གནང་མུས་ཡིན་ཁར་ ཕྱི་ལོ་ཉིས་སྟོང་བཅུ་གཉིས་དང་བཅུ་གསུམ་ནང་རྒྱ་གར་ཡོད་པའི་བཙན་བྱོལ་བོད་མིའི་གཞིས་ཆགས་དང་སློབ་གྲ་ ཆོས་སྡེ་ གྲོང་ཁྱེར་དང་རྒྱལ་ས་དྲ་མིན་བཅས་ཀྱི་ནང་གོང་ཞུས་ལས་འགུལ་མུ་མཐུད་སྤེལ་འཆར་ཡོད་པའི་སྐོར་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་འཁོད་འདུག

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།