བྱམས་བརྩེའི་བློ་གོང་མཐོར་གཏོང་ཐབས་ཀྱི་ཟབ་སྦྱོང་གནང་འདུག

2017-06-19
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
བྱམས་བརྩེའི་བློ་གོང་མཐོར་གཏོང་ཐབས་ཀྱི་ཟབ་སྦྱོང་། ༢༠༡༧།༦
བྱམས་བརྩེའི་བློ་གོང་མཐོར་གཏོང་ཐབས་ཀྱི་ཟབ་སྦྱོང་། ༢༠༡༧།༦
tibet.net

ལྷོ་ཨ་མི་རི་ཀའི་བྷ་ར་ཛིལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་ཁུལ་དེར་བྱམས་བརྩེའི་བློ་གོང་མཐོར་གཏོང་ཐབས་ཀྱི་ཟབ་སྦྱོང་གནང་འདུག
དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་དོན། བྷ་ར་ཛིལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་ཕྱི་ཟླ་ལྔ་པ་དང་དྲུག་པའི་ནང་དུས་ཚིགས་གཉིས་སུ་དབྱེས་ཏེ་བྱམས་བརྩེའི་བློ་གོང་འཕེལ་གཏོང་ཐབས་སྐོར་ཟབ་སྦྱོང་ཞིག་གོ་སྒྲིག་ཞུས་ཡོད་འདུག ཐེངས་འདིའི་ཟབ་སྦྱོང་སྤྲོད་གནང་མཁན་ཁུལ་དེར་ཡོད་པའི་ས་སྐྱ་ཆོས་ཚོགས་གསར་འཛུགས་གནང་མཁན་སེམས་ཁམས་རིག་པ་བ་བླ་མ་རིན་ཆེན་མཁྱེན་རབས་ཞུ་བ་ཡིན་འདུག
གོང་ཞུས་ཟབ་སྦྱོང་དེའི་ནང་བོད་བརྒྱུད་ནང་བསྟན་གྱི་ནང་བློ་སྦྱོང་དང་འབྲེལ་བ་ཡོད་པ་གང་ཞིག་ལ་ཆོས་དང་མ་འབྲེལ་བའི་ཐོག་ནས་རང་ཉིད་ཀྱི་རྟོག་ཞིབ་ཀྱི་ལམ་ནས་བསམ་བློ་གཏོང་སྟངས་དང་སྟངས་འཛིན་བྱེད་སྟངས། དེ་བཞིན་རང་ཉིད་གཅིག་པུའི་བདེ་སྐྱིད་སྐྲུན་ཐབས་མ་ཡིན་པར་གཞན་ཕན་གྱི་བློ་སྐྱེད་སྟངས་སོགས་གང་ལྟར་མི་སོ་སོའི་ཉིན་རེའི་འཚོ་བའི་ནང་གནས་སྟངས་ག་འདྲ་ཆགས་མིན་རང་ཉིད་ཀྱི་བྱེད་ལས་རག་ལུས་ཀྱི་ཡོད་པ་སོགས་ཀྱི་སྐོར་ཟབ་སྦྱོང་སྤྲད་གནང་ཡོད་འདུག
ཡང་གོང་ཞུས་ཟབ་སྦྱོང་དེའི་སྐབས་མཉམ་ཞུགས་བྱེད་མཁན་སོ་སོའི་མི་ཚེའི་ནང་གི་མྱོང་ཚོར་ཤོད་རེས་བྱེད་པའི་ཐོག་ནས་ཕན་ཚུན་གོ་བསྡུར་སྦྱང་བཤད་ཀྱི་ལམ་ནས་གོ་རྟོགས་སྤེལ་རེས་བྱེད་རྒྱུ་སོགས་ཀྱི་ཕན་ཐོགས་བྱུང་ཡོད་པ་དང་དེ་བཞིན་ཟབ་སྦྱོང་སྐབས་སྤྱིར་བཏང་སྒོམ་རྒྱབ་པའི་ཐོག་ནས་ཀྱང་རང་ཉིད་ཀྱི་བསམ་བློ་གཏོང་ཕྱོགས་ལ་འགྱུར་བ་ཐེབས་ཀྱི་ཡོད་པ་སོགས་ལམ་སྟོན་གནང་སྟེ་མཐའ་མའི་ལས་རིམ་སྐབས་ཟབ་སྦྱོང་འདིའི་རིང་ཉམས་མྱོང་དང་ཡར་རྒྱས་གཏོང་ཕྱོགས་སོགས་ཀྱི་སྐོར་བསམ་ཚུལ་བརྗེ་ལེན་ཞུས་ཡོད་འདུག

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།