བོད་ཐད་ཀར་རྒྱ་ནག་གཞུང་གི་འཛིན་སྐྱོང་འོག་ཚུད་མྱོང་མེད།


2016.04.26
རྒྱལ་སྤྱིའི་བོད་རྒྱའི་རྒྱབ་སྐྱོར་ཚོགས་ཆེན་དང་པོ་ཐེ་ཝན་ལ་ཚོཊ་བཞིན་པའི་སྐབས། ༢༠༡༦།༤།༢༣ རྒྱལ་སྤྱིའི་བོད་རྒྱའི་རྒྱབ་སྐྱོར་ཚོགས་ཆེན་དང་པོ་ཐེ་ཝན་ལ་ཚོཊ་བཞིན་པའི་སྐབས། ༢༠༡༦།༤།༢༣
tibet.net

ཐེ་ཝན་གྱི་རྒྱལ་ས་ཐེ་པེ་ནང་བསྐོངས་འཚོགས་གནང་བའི་རྒྱལ་སྤྱིའི་བོད་རྒྱ་མཐུན་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོའི་ཐོག་ཧོང་ཀོང་གྲོང་ཁྱེར་སློབ་གྲ་ཆེན་མོའི་དགེ་ཆེ་ཟུར་པས་བོད་རྒྱ་ཁོངས་མིན་པའི་ཁུངས་སྐྱེལ་ར་སྤྲོད་གནང་ཡོད་པ་རེད།
དེ་ཡང་འདི་ཟླའི་ཚེས་༢༣་ཉིན་རྒྱལ་སྤྱིའི་བོད་རྒྱ་མཐུན་ཚོགས་ཀྱི་ཚོགས་འདུ་ཉིན་གཉིས་པའི་ཐོག། ཧོང་ཀོང་གྲོང་ཁྱེར་སློབ་གྲ་ཆེན་མོའི་དགེ་ཆེ་ཟུར་པ་ལིའུ་ཧན་གྲེང་གིས་རྒྱ་ནག་གི་ཡིག་ཆ་རྙིང་པ་དང་། གཞུང་འབྲེལ་ཡིག་ཆའི་ཐོག་ནས་རྒྱ་བོད་འབྲེལ་ལམ་ཐད་བོད་ནི་དུས་ནམ་ཡང་རྒྱ་ནག་གི་མངའ་ཁོངས་ཤིག་མིན་ཞེས་པའི་བརྗོད་གཞིའི་ཐོག་དཔྱད་གླེང་སྤེལ་ཏེ། རྒྱ་ནག་གཞུང་གིས་འགྲེལ་བརྗོད་བྱེད་བཞིན་པའི་ལོ་རྒྱུས་དེ་དག་ཧམ་བཤད་དང་ལོག་འགྲེལ་ཡིན་པ་དང་། བོད་དེ་ཐད་ཀར་རྒྱ་ནག་གཞུང་གི་འཛིན་སྐྱོང་འོག་ནམ་ཡང་ཚུད་མྱོང་མེད་པ་དང་། ལྷག་པར་དུ་རྒྱ་ནག་གཞུང་གིས་བོད་དེ་རྒྱ་ཁོངས་སམ་རྒྱ་ནག་གི་ཆ་ཤས་ཤིག་ཡིན་ཟེར་བ་ནི་རྩ་བ་ནས་བདེན་པ་མ་རེད་ཅེས་རྒྱ་ཡིག་གི་ལོ་རྒྱུས་ཡིག་རྙིང་ཁག་ལུང་འདྲེན་ཐོག་ཁུངས་སྐྱེལ་ར་སྤྲོད་ཧ་ཅང་གསལ་པོ་གནང་ཡོད་པ་རེད།  
དེ་ཡང་སྐུ་ཞབས་ལིའུ་ཧན་གྲེང་གིས་གསལ་སྟོན་གནང་ཡས་ལ། གཙོ་བོ་མིང་རྒྱལ་རབས་དང་། མན་ཇུ་རྒྱལ་ཪབས་དཔེ་མཚོན་དྲངས་ཏེ་སྐབས་དེའི་ས་ཁྲ་དང་། ཁྱིམ་དུད་གྲངས་འབོར་སོགས་ཀྱི་ཡིག་ཆའི་ཐོག་ནས་ལུང་དང་རིག་པའི་སྒོ་ནས་བོད་ནམ་ཡང་རྒྱལ་རབས་དེ་དག་གི་མངའ་ཁོངས་སམ་ཆ་ཤས་ཤིག་ཏུ་ནམ་ཡང་གྱུར་མྱོང་མེད་པའི་དཔེ་མཚོན་མང་པོ་ར་སྤྲོད་གནང་ཡོད་པ་རེད།
དེ་ནས་རིམ་བཞིན་རྩོམ་པ་པོ་སངས་རྒྱས་སྐྱབས་ལགས་ཀྱིས། བོད་དོན་རྩོམ་ཡིག་ཕྱོགས་བསྒྲིགས་གངས་ལྗོངས་དཔེ་སྐྲུན་ཁང་ནས་པར་སྐྲུན་གནང་བ་དེབ་མིང་དུར་ཁྲོད་ཅེས་པའི་དཔེ་དེབ་དབུ་འབྱེད་གནང་བ་དང་སྦྲགས་དཔེ་དེབ་དང་འབྲེལ་བའི་ངོ་སྤྲོད་གཏམ་གླེང་གནང་ཡོད་པ་རེད།
རིམ་བཞིན་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སྲུང་སྐྱོབ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ། རྒྱ་ནག་གི་མི་རིགས་གནད་དོན་དང་མི་རིགས་སྲིད་བྱུས་བཅས་ཀྱི་ཐོག་བགྲོ་གླེང་ལྷུག་པོ་གནང་འདུག།  

གསར་འགོད་པ་དབྱངས་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎