བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་རྡ་རམ་སཱ་ལར་ཚོགས་བཞིན་འདུག

2017-10-09
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ཉེར་དགུ་པ། ༢༠༡༧།༡༠།༩
བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ཉེར་དགུ་པ། ༢༠༡༧།༡༠།༩
tibet.net

བོད་མིའི་སྒྲིག་འཛུགས་ཀྱི་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ཉེར་དགུ་རྡ་རམ་སཱ་ལར་སྐོང་ཚོགས་གནང་བཞིན་འདུག
དེ་ཡང་འདི་ཚེས་༩་དང་༡༠་བཅས་ཉིན་གཉིས་རིང་སྐོང་ཚོགས་གནང་བཞིན་པའི་ཚོགས་འདུར་བཀའ་ཤག་སྐབས་༡༥འི་སྲིད་སྐྱོང་དང་། བཀའ་བློན་རྣམ་པ་ལྷན་རྒྱས་ཚོགས་བཅར་གནང་ཡོད་ཅིང་། ལྷན་ཚོགས་སྐབས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཆེད་འབྱུང་འགྱུར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གི་སྐུ་ཚབ་དབར་གྲོས་མོལ་བསྐྱར་གསོ་ཡོང་སླད་ཐབས་ལམ་ཇི་འདྲ་ཞིག་ལག་བསྟར་དགོས་མིན་སོགས་ཀྱི་ཐད་བསྐྱར་ཞིབ་དང་། མ་འོངས་པའི་གནས་སྟངས་སྐོར་གྲོས་བསྡུར་གནང་རྒྱུ་ཡིན་པ་རེད།
ཐེངས་འདིའི་ཚོགས་འདུ་འདི་བཞིན་དེ་སྔ་ཕྱི་ལོ་༡༩༩༩་ལོར་དབུ་འཛུགས་གནང་བ་ནས་བཟུང་ཚོགས་ཐེངས་༢༩་པ་དེ་ཡིན་པ་རེད། བོད་རྒྱ་ཞི་མོལ་གྱི་ལས་དོན་ཚོགས་ཆུང་ནི་བོད་རྒྱའི་དཀའ་རྙོག་ཞི་མོལ་དང་གཉིས་མོལ་ཐོག་ནས་སེལ་ཐབས་རྒྱུར་དམིགས་ནས་བཙུགས་པ་ཞིག་ཡིན་པ་རེད༎

གསར་འགོད་པ་ཀརྨ་རྒྱ་མཚོ།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།