ཉེན་རྟོག་པས་བོད་མིར་གཅར་རྡུང་དང་ཁག་གཅིག་འཇུ་བཟུང་།

2014-07-01
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
བདེ་ཆེན་རྫོང་ཁོངས་སུ་གཏེར་སྔོག་ལས་དོན་རྒྱ་བསྐྱེད་ལ་ངོ་རྒོལ་བྱས་སྐབས་ཉེན་རྟོག་པས་དྲག་གནོན། ༢༠༡༤།༦།༣༠
བདེ་ཆེན་རྫོང་ཁོངས་སུ་གཏེར་སྔོག་ལས་དོན་རྒྱ་བསྐྱེད་ལ་ངོ་རྒོལ་བྱས་སྐབས་ཉེན་རྟོག་པས་དྲག་གནོན། ༢༠༡༤།༦།༣༠
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། བཟོད་པ་རྒྱ་མཚོ།
ཡུན་ནན་བདེ་ཆེན་ཕྱོཊ་ཀྱི་ས་གནས་བོད་མིས་ཁུལ་དེའི་གཏེར་སྔོག་ལས་དོན་རྒྱ་བསྐྱེད་ལ་ངོ་རྒོལ་བྱས་སྐབས་ཉེན་རྟོག་གཅར་རྡུང་དང་འཇུ་བཟུང་བྱས་འདུག དེ་ཡང་གནས་ཚུལ་འབྱོར་བ་ལྟར་ན། ཡུན་ནན་འཇུས་བདེ་ཆེན་རྫོང་ཁོངས་ཡ་མ་ཡུལ་ཚོ་མར་རྟག་གྲོང་པའི་ས་གནས་ཀྱི་གནས་རི་ཡོད་སར་རྒྱ་ནག་གི་གཏེར་འདོན་ཚན་པ་ཁག་གིས་ཟངས་ཀྱི་གཏེར་ཁ་སྔོག་བཞིན་པའི་ཐོག གྲོང་ཚོའི་རྒྱབ་རི་ནས་གཏེར་ཁ་སྔོག་ཡུལ་བར་གཞུང་ལམ་བཟོས་བ་དང་། གཏེར་སྔོག་ལས་དོན་རྒྱ་བསྐྱེད་བྱས་བར་ས་གནས་ཡུལ་མི་ཚོས་མི་འདོད་ངོ་རྒོལ་གྱི་རྣམ་འགྱུར་བསྟན་པ་དང་། ལྷག་པར་གྲོང་པའི་གནས་རི་ཡིན་པས་གཏེར་སྔོག་ལས་དོན་མཚམས་འཇོག་དགོས་པའི་རེ་བ་ཞུས་ཀྱང་རྒྱ་ནག་གི་གཏེར་འདོན་ཚན་བདག་སྤྲོད་མ་བྱས་བར་རྩོད་རྙོག་བྱུང་ཡོད་པ་དང་། དེ་མ་ཐག་རྫོང་གི་ཉེན་རྟོག་པ་དང་། དྲག་ཆས་དམག་མི་ཡོང་ནས་ས་གནས་ཡུལ་མི་ཚོར་དྲག་གནོན་བྱས་བ་དང་། ཉུང་མཐར་མི་གྲངས་༩ཙམ་འཇུ་བཟུང་བྱས་ཡོད་པ་མ་ཟད། མུ་མཐུད་གཏེར་སྔོག་ལས་དོན་ལ་འགོག་རྐྱེན་བཟོས་ཚེ་གོང་རིམ་ནས་གསོད་ཆོག་པའི་ཆོག་མཆན་ཡོད་པའི་ཉེན་བརྡ་ཡང་བཏང་ཡོད་འདུག

གསར་འགོད་པ་ཀླུ་འབུམ།

ཞིབ་ཕྲ་འདི་གའི་གསར་འགོད་པ་བཟོད་པ་རྒྱ་མཚོས་བཏང་བའི་གནས་ཚུལ་ལ་གསན་རོགས།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།