རྒྱ་བལ་ས་མཚམས་ནས་བོད་མིར་དཀའ་ངལ་འཕྲད་བཞིན་པ།

རྒྱ་གར་ནས་བོད་ནང་དུ་འགྲོ་མཁན་ཚོར་ས་མཚམས་ཁག་ཏུ་དཀའ་ངལ་ཆེན་པོ་འཕྲད་བཞིན་པ་དང་། ལྷག་པར་བོད་ནས་ཕྱིར་ལོག་མཁན་ཚོ་རྒྱ་གར་ནང་ཐར་གི་མེད་པ་སོགས་དཀའ་ངལ་འཕྲད་བཟིན་པ་རེད་འདུག
2012-12-26
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

རྒྱ་བལ་ས་མཚམས་ནས་བོད་མིར་དཀའ་ངལ་འཕྲད་བཞིན་པ།

དེ་ཡང་འདི་གའི་གསར་འགོད་པས་གནས་ཚུལ་བཏང་དོན། ཉེ་བའི་ལོ་ཤས་ནས་བཟུང་སྟེ་རྒྱ་གར་ནང་གི་བོད་མི་སྐྱབས་བཅོལ་བ་མང་པོ་བོད་ནང་དུ་གཉེན་འཕྲད་དང་། བལྟ་སྐོར། ཡང་ན་བོད་ནང་གཏན་དུ་ཕྱིར་ལོག་བཅས་གནང་སྐབས་ལམ་ཁ་ནས་དཀའ་ངལ་དེ་ཙམ་མེད་ཀྱང་། དེང་སང་རྒྱ་ནག་གཞུང་གིས་སུན་བཙུར་མི་ཡོང་བའི་ཆེད་དུ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་སློབ་གྲ་ཁག་དང་། གདན་ས་ཁག། ཚོང་པ་དང་དེ་མིན་གྱི་མི་སྒེར་སོགས་མང་པོ་ཅིག་གིས་རྒྱ་གར་རྒྱལ་ས་ལྡི་ལིའི་ནང་གི་རྒྱ་ནག་གཞུང་ཚབ་ཏུ་བསྐྱོད་དེ། བོད་ནང་འགྲོ་བསྐྱོད་ཆོག་པའི་རྒྱ་ནག་གཞུང་གི་ལག་འཁྱེར་ཞུས་ནས་བོད་མི་མང་པོ་ཅིག་ཕར་ཚུར་འགྲུལ་བཞུད་བྱེད་བཞིན་པ་ད་ཆ་ལག་འཁྱེར་དེ་འགྲམ་འགག་སྒོ་སོགས་བོད་རང་སྐྱོང་ལྗོངས་ཀྱི་ས་གནས་ཁག་ཏུ་བཙན་འཕྲོག་བྱེད་པ་དང་། བོད་མི་རྣམས་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་པ་མ་ཟད། དམིགས་བསལ་རྒྱ་གར་དང་བལ་ཡུལ་གྱི་ས་མཚམས་སུ་རྒྱ་གར་གཞུང་གིས་སྒྲིག་གཞི་གསར་པ་བཟོས་ཏེ། གལ་སྲིད་རྒྱ་ནག་གི་ལག་དེབ་སྟེང་རྒྱ་གར་གཞུང་གིས་ཆོག་མཆན་ཐམ་ཀ་སོགས་མ་བརྒྱབ་པ་ཡིན་ན། བལ་བོ་གཞུང་གིས་ལག་དེབ་དེ་ངོས་ལེན་བྱས་མི་ཆོག་པ་བཟོས་ཡོད་པས། བོད་མི་མང་པོ་ཅིག་ལ་རྒྱ་གར་དང་བལ་བོའི་ས་མཚམས་ནས་ཆོག་མཆན་མ་རག་པར་ཕྱིར་ལོག་བཏང་གི་ཡོད་འདུག དེ་བཞིན་བལ་བོའི་ནང་གཏན་སྡོད་གནང་མཁན་མགོན་པོ་ནས་བརྗོད་དོན། ཁོང་གིས་དེ་སྔ་བོད་མི་རྒྱ་ནག་གཞུང་ཚབ་ཀྱི་ལག་དེབ་ཡོད་པ་ཚོས་ཐད་ཀར་བལ་བོ་རྒྱལ་ཁབ་ཀྱི་ངོས་སྦྱོར་ཐམ་ཀ་བརྒྱབ་ཏེ་བོད་ནང་འགྲོ་ཆོག་གི་ཡོད་ནའང་། ད་ལོ་སྤྱི་ཟླ་དགུ་བ་ཙམ་ནས་རྒྱ་གར་ས་མཚམས་སུ་དམིགས་བསལ་གྱི་འགྱུར་བ་ཅིག་ཐེབས་ཏེ། རྒྱ་ནག་གཞུང་ཚབ་ཀྱི་ལག་དེབ་དེའི་སྟེང་དུ་རྒྱ་གར་གཞུང་གིས་ངོས་སྦྱོར་ཐམ་ཀ་མ་བཀོད་ན། བལ་པོ་རྒྱལ་ཁབ་ཀྱིས་ངོས་ལེན་བྱས་མི་ཆོག་པ་བཟོས་ནས་ད་ཆ་དེ་ཚོ་ཀུན་ངོས་ལེན་མ་བྱས་པར་བོད་མི་གཅིག་ཀྱང་བོད་ནང་ཐར་གྱི་མེད་པ་དང་། དེ་བཞིན་དེ་སྔ་རྒྱ་ནག་གི་ལག་དེབ་བརྒྱུད་བོད་ནང་ཕྱིན་ཏེ་ཕྱིར་རྒྱ་གར་དུ་ཡོང་མཁན་མང་པོ་ཅིག་སྒྲིག་ལམ་དང་མཐུན་པའི་འགྲོ་ལུགས་དང་། སྐྱབས་བཅོལ་ལག་དེབ་བཅས་ཡོད་མིན་ལ་མ་ལྟོས་པར་ས་མཚམས་སུ་ཕྱིར་རྒྱ་གར་ནང་མ་ཐར་ནས་བལ་བོ་རྒྱལ་ཁབ་ནང་ངང་སྒུག་བྱས་ཏེ་བསྡད་ཡོད་པ་བརྗོད་འདུག

དེ་ལྟར་ད་ཆ་འགྲམ་འགག་སྒོ་དང་ལྷ་ས་གྲོང་ཁྱེར་བཅས་ཀྱི་ནང་དུ་རྒྱ་ནག་གཞུང་ཚབ་ཀྱི་འགྲུལ་བཞུད་ཡིག་ཆ་ཡོད་མཁན་དང་།དེ་བཞིན་རྒྱ་ནག་གི་ཕྱི་བསྐྱོད་ལག་ཁྱེར་ངོ་མ་ཡོད་མཁན་གྱི་བོད་མི་མང་པོ་རྒྱ་ནག་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་ཏེ།འདྲི་ཞིབ་བསུན་བཙུར་མང་པོ་བཟོ་བཞིན་པ་དང་། ལྷག་པར་ཡིག་ཆ་དེ་རིགས་ཡོད་མཁན་མང་པོ་ཅིག་བལ་བོ་ནས་བོད་ནང་མ་བཏང་བར་ལྷག་ཡོད་པ་རེད་འདུག

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།