བཙན་བྱོལ་བོད་མི་ཚོས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུ་གནང་རྒྱུ།


2016.03.18
བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་རྣམ་གཉིས། ༢༠༡༥ བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་རྣམ་གཉིས། ༢༠༡༥
ཀླུ་འབུམ།/RFA

འཛམ་གླིང་གི་ཡུལ་གྲུ་གང་སར་བོད་མི་ཚོས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུ་ཆེན་མོ་གནང་རྒྱུ་ཡིན་པ།
དེ་ཡང་རོ་ཨི་ཀྲར་གསར་ལས་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཉེ་ལམ་ཨ་རིའི་Mayoསྨན་ཁང་ནང་སྐུའི་འཕྲོད་ཤེས་རྟགས་དཔྱད་ཆེད་ཕེབས་པའི་གནས་ཚུལ་ལས་འཕྲོས། བོད་ཀྱི་གནད་དོན་རྒྱུན་སྐྱོང་སླད་བོད་མིའི་སྤྱི་ཚོགས་ཀྱི་དམངས་གཙོ་ལམ་ལུགས་སྲ་བརྟན་དགོས་གལ་ཆེ་བའི་གལ་གནད་རྣོ་ངར་ཆེ་ཞིང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དེ་བཞིན་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་ཆབ་སྲིད་ཀྱི་དབུ་ཁྲིད་ཡིན་པར་བརྟེན་ད་རེས་སྲིད་སྐྱོང་གི་འོས་བསྡུ་ཐེངས་གཉིས་པའི་ཐོག་བོད་མི་མང་ཚོགས་ཀྱི་དོ་སྣང་སྔར་ལྷག་བྱེད་བཞིན་ཡོད་པ་བཀོད་འདུག
གནས་ཚུལ་ནང་མུ་མཐུད་དུ། ད་རེས་ཀྱི་བོད་མིའི་སྲིད་སྐྱོང་གི་འོས་བསྡུ་འདི་བཞིན་ཆབ་སྲིད་ཀྱི་ཐད་ནས་གནད་འགག་ཆེན་པོ་ཆགས་ཡོད་པ་སྟེ་ཕྱོགས་གཅིག་ནས་གོང་ས་ཏཱ་ལའི་བླ་མ་མཆོག་དགུང་གྲངས་༨༠ཕེབས་པ་དང་། ཕྱོགས་གཉིས་ཐད་ནས་བོད་ཀྱི་བླ་སྤྲུལ་ངོས་འཛིན་ཞུ་ཕྱོགས་ནང་རྒྱ་ནག་གཞུང་གིས་ཐེ་ཇུས་ཀྱི་སྒྲིག་གཞི་གཏན་འབེབས་བྱས་པ་བརྒྱུད་༧གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ནང་རྒྱ་ནག་གཞུང་གི་ཐེ་གཏོགས་བྱ་རྩིས་ཡོད་པ་སོགས་ཀྱི་གནས་ལུགས་གསལ་འདོན་བྱས་འདུག
གནད་དོན་དེ་དག་གི་རྐྱེན་པས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་འོས་འདེམས་ཀྱི་ལས་རིམ་འདི་བོད་ཀྱི་འཐབ་རྩོད་རྒྱུན་སྐྱོང་དང་། དམངས་གཙོའི་ལམ་ལུགས་སྲ་བརྟན་སོགས་ཀྱི་ཐད་ནས་གནད་འགག་ཆེན་པོ་ཡིན་པར་བརྗོད་འདུག
རྒྱ་གར་གྱི་Jawaharlal Nehruགཙུག་ལག་སློབ་གྲྭའི་རྒྱ་རིགས་པའི་སྡེ་ཚན་གྱི་སློབ་དཔོན་P.D. Mukerjiཞུ་བས། གལ་སྟེ་རྒྱ་ནག་གཞུང་ནས་གོང་ས་ཏཱ་ལའི་བླ་མའི་ཡང་སྲིད་ངོས་འཛིན་བྱེད་ཐབས་བྱས་ནའང་བཙན་བྱོལ་ནང་། བོད་མི་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་སྲིད་སྐྱོང་དེ་བཞིན་རྒྱ་ནག་དམར་ཤོག་ཚོགས་པའི་དབང་འོག་ནས་ཕྱི་ལ་ཡོད་སྟབས་ རང་དབང་རྒྱལ་ཁབ་ནང་བོད་མིའི་འགོ་ཁྲིད་ཞིག་མུ་མཐུད་གནས་རྒྱུའི་གནད་འགག་ཡོད་པ་གསུངས་འདུག།
ད་དུང་རྒྱ་གར་དུས་བབ་India Timeཞེས་པའི་ཚགས་ཤོག་ཐོག་གནས་ཚུལ་བཀོད་པ་ལྟར་ན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་མི་སྟོང་ཕྲག་མང་པོ་བཙན་བྱོལ་དུ་ཕེབས་ནས་ད་ལོ་ལོ་ངོ་༥༧འགྲོ་གི་ཡོད་པ་དང་། ད་ཆ་བཙན་བྱོལ་སྤྱི་ཚོགས་དེ་བཞིན་དམངས་གཙོའི་ལམ་བུར་བསྐྱོད་ནས་དམངས་གཙོའི་ལམ་སྲོལ་བཞིན་རང་ཉིད་ཀྱི་སྲིད་སྐྱོང་དང་སྤྱི་འཐུས་མི་མང་གིས་ཐད་ཀར་འོས་འདེམས་བྱེད་ཀྱི་ཡོད་པ་གནས་ཚུལ་སྤེལ་འདུག
བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་མི་དམངས་ལ་རྩིས་སྤྲོད་གནང་པའི་རྗེས། འདི་ཟླའི་ཚེས༢༠རེས་གཟའ་ཉིན་མའི་ཉིན་རྒྱ་བལ་འབྲུག་གསུམ་གཙོས་ཕྱིའི་ཡུལ་གྲུ་ཁག་ནང་བོད་མི་ཚོས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་འོས་བསྡུ་ཐེངས་གཉིས་པ་དང་། སྐབས་༡༦པའི་བོད་མི་མང་སྤྱི་འཐུས་འོས་བསྡུ་གནང་རྒྱུ་ཡིན་པ་རེད།
དབུས་འོས་བསྡུ་ལས་ཁང་གི་བཀོད་ཁྱབ་ལྟར། འདི་ཚེས༡༨ཉིན་ནས། བཞུགས་སྒར་སོགས་ས་གནས་གང་སར་འོས་བསྡུའི་དྲིལ་བསྒྲགས་ཀྱི་ལས་དོན་སྤེལ་རྒྱུ་མཚམས་འཇོག་བྱས་ཡོད་པ་དང་། བོད་མི་ཚོས་སྤྱི་ཚོགས་དྲ་ལམ་ཁག་དང་སྐད་འཕྲིན་ཁག་ཏུའང་འོས་བསྡུའི་དྲིལ་བསྒྲགས་དང་བགྲོ་གླེང་རིགས་མཚམས་འཇོག་བྱེད་དགོས་བཀོད་ཁྱབ་གནང་ཡོད།

གསར་འགོད་པ་དོན་གྲུབ་རྣམ་རྒྱལ་དང་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་མཆོག་གིས་ཇོ་ནང་༸རྒྱལ་ཚབ་རིན་པོ་ཆེས་དབུས་པའི་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་ ༡༦ ལ་མཇལ་ཁ་སྩལ་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎