གྲོས་ཚོཊ་ཀྱིས་སྣེ་ཁྲིད་པའི་བོད་དོན་ཞུ་གཏུགས་ལས་འགུལ།

རྒྱ་གར་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོཊ་ཀྱི་གོ་སྒྲིག་འོག་ས་གནས་གང་སར་བོད་དོན་རྒྱབ་སྐྱོར་གྱི་རེ་སྐུལ་དང་། ཞུ་གཏུགས་གདུང་སེམས་མཉམ་བསྐྱེད་བཅས་ཀྱི་ལས་འགུལ་སྤེལ་བཞིན་པ་རེད་འདུག
2013-01-08
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

གྲོས་ཚོཊ་ཀྱིས་སྣེ་ཁྲིད་པའི་བོད་དོན་ཞུ་གཏུགས་ལས་འགུལ།

དེ་ཡང་འདི་གའི་གསར་འགོད་པས་གནས་ཚུལ་བཏང་དོན། གཟའ་ཟླ་བར་ལྡེ་ར་རྡུན་དུ་བོད་མི་ཚོས་རས་ནག་པོས་ཁ་བཀབ་སྟེ་ངག་བཅད་ཀྱི་ཁྲོམ་སྐོར་བྱས་ཏེ་བོད་ནང་གི་བོད་མི་ཚོར་སྨྲ་བརྗོད་རང་དབང་མེད་པ་སོཊ་བཟོད་དཀའ་བའི་སྡུག་སྔལ་གྱི་རྐྱེན་གྱིས་བོད་མི་མང་པོས་རང་ལུས་མེར་སྲེག་བཏང་བ་གཙོས་ཡིད་སྐྱོའི་གནས་སྟངས་ཁག་ལ་གདུང་སེམས་མཉམ་སྐྱེ་དང་མྱ་ངན་མཚོན་པའི་ལས་འགུལ་སྤེལ་ཡོད་པ་རེད། སྤྱི་འཐུས་ཟླ་བ་ཚེ་རིང་ལཊ་ཀྱིས་ལས་འགུལ་སྐབས་གསུང་དོན། བོད་མིར་ཡང་འཛམ་བུ་གླིང་གི་མི་སྤྱི་ཡོངས་ལ་ཐོབ་དགོས་པའི་འགྲོ་བ་མིའི་ཐོབ་ཐང་དགོས་པ་དང་།  སྐད་ཡིག་སྲུང་སྐྱོབ་དང་ཆོས་དད་རང་དབང་དགོས་པ།  གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ནང་གདན་འདྲེན་ཞུ་དགོས་ཞེས་རེ་འདུན་བཏོན་ནས་བོད་མི་ཚོས་རང་ལུས་མེར་སྲེག་གི་ངོ་རྒོལ་བྱས་ཏེ་རང་སྲོག་བློས་བཏང་ཡོད་པ་དང་།  བོད་མི་ཡོངས་རྡོག་རྩ་གཅིག་སྒྲིལ་སྒོས་བོད་དོན་འཐབ་རྩོད་བྱ་གལ་ཆེ་བའི་སྐོར་གསུང་འདུག

གཞན་ཡང་རྒྱ་གར་བྱང་ཕྱོཊ་ཧེ་མ་ཅལ་དང་། ཀ་ཞིས་མེར་མངའ་སྡེའི་ནང་སྤྱི་འཐུས་རྣམ་པས་བོད་དོན་རྒྱབ་སྐྱོར་གྱི་རེ་སྐུལ་ཞུས་པར་མངའ་སྡེའི་གཞུང་གིས་རྒྱབ་སྐྱོར་ཁས་ལེན་གནང་ཡོད་པ་དང་། ཀ་ཞི་མེར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱིས་གསུང་དོན།   ཁོང་ནི་བོད་ནང་གི་གནས་ཚུལ་ཤེས་རྟོིཊ་མེད་མཁན་ཞིག་མིན་པས་བོད་དོན་ཞུ་གཏུག་གི་སྙན་ཞུ་དེ་ལྕམ་སོ་ནེ་ཡ་སོཊ་རྒྱ་གར་དབུས་གཞུང་དང་གྲོས་ཚོཊ་ཀྱི་འབྲེལ་ཡོད་དཔོན་རིཊ་ཚོར་ཕུལ་ངེས་ཡིན་ལ། མངའ་སྡེའི་ངོས་ནས་རྒྱབ་སྐྱོར་གང་ཐུབ་བྱ་རྒྱུ་ཡིན་ཞེས་ཁས་ལེན་གནང་ཡོད་འདུག ཡང་ཧེ་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱིས་ཁོང་ནི་མི་ཚེ་ཧྲིལ་བོར་བོད་མིར་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་པས་དེའི་ཐད་སེམས་ཁྲལ་མི་དགོས་པ་ཞིག་ཡིན་སྐོར་གསུང་ཡོད་འདུག

གྲོས་ཚོཊ་ཀྱིས་སྣེ་ཁྲིད་པའི་བོད་དོན་ཞུ་གཏུགས་ལས་འགུལ།

དེ་བཟིན་ཡང་ལྷོ་ཕྱོགས་ཁུལ་གྱི་ཞུ་གཏུག་ལས་འགུལ་ཚོགས་ཆུང་གིས་ཀཱ་ན་ཊ་ཀཱ་མངའ་སྡེའི་སྲིད་སྐྱོང་དང་སྤྱི་ཁྱབ་བློན་ཆེན།  གྲོས་ཚོགས་ཚོགས་གཙོ་བཅས་གནད་ཡོད་མི་སྣར་མཇལ་འཕྲད་གནང་སྟེ་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་ཡོད་འདུག

ཚེས་ ༤ ཉིན་སིམ་ལར་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་པའི་སྐབས་གསར་འགོད་པ་བཞི་བཅུ་ལྷག་འཛོམས་ཏེ་་སྤྱི་འཐུས་རྣམ་པས་བོད་ནང་གི་གནས་སྟངས་སྐོར་དང། རྒྱ་ནག་གཞུང་གིས་བོད་ནང་འཛིན་པའི་སྲིད་བྱུས་དེས་བོད་ཙམ་མིན་པར་རྒྱ་གར་གྱི་བདེ་འཇགས་དང་ཁོར་ཡུག་ཐོག་ལ་ཤུགས་རྐྱེན་ཇི་ཙམ་ཆགས་མིན་གསལ་བཤད་གནང་པའི་གནད་དོན་ཁག་ལ་དོ་སྣང་ཆེན་པོ་བྱས་འདུག།  དེ་ཉིན་མར་མེའི་ཁྲོམ་བསྐོར་ཞིག་ཀྱང་གོ་སྒྲིག་ཞུས་འདུག་པ་དེའི་སྐབས་ཧི་མ་ཅལ་མངའ་སྡེའི་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་ རྡེ་ཡ་ས་ག་ ནེ་གེ་ལགས་ཀྱིས་རྒྱ་གར་དང་བོད་པའི་དབར་གྱི་རིག་གཞུང་གི་འབྲེལ་ལམ་དང། རྒྱ་གར་མི་དམངས་ཀྱིས་བོད་དོན་ཐོག་རྒྱབ་སྐྱོར་གནང་དགོས་པ་སོགས་ཀྱི་གསུང་བཤད་ཀྱང་གནང་ཡོད།

ཞུ་གཏུགས་ལས་འགུལ།

གཞན་སྤྱི་འཐུས་རྣམ་པ་ལྔ་ཡོད་པའི་ཚོགས་ཆུང་གིས་རྒྱ་གར་ལྷོ་ཕྱོགས་ཀྱི་མངའ་སྡེ་ཀར་ཎ་ཌ་ཀའི་ཁུལ་དུ་བོད་དོན་ཆེད་གདུང་མཉམ་སྐྱེད་ཀྱི་ལས་འགུལ་ལེགས་གྲུབ་བྱུང་ནས་ས་འགྲེལ་ Andra མངའ་སྡེའི་ནང་དུ་ལས་འགུལ་འགོ་འཛུགས་གནང་ཡོད་པ་དང་། སྤྱི་འཐུས་ཀྱི་ལས་འགུལ་འདི་ཟླའི་ཚེས་ ༡་ ནས་འགོ་བཙུགས་གནང་བ་དེ་ ཕྱི་ཚེས་ ༢༩་ ཉིན་མཇུག་བསྒྲིལ་རྒྱུ་ཡིན་པ་རེད་འདུག་

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།