བོད་མི་འཇུ་བཟུང་གིས་ཉེས་ཆད་དང་ཕྱིར་ཕུད་བཏང་འདུག


2014.02.12
བོད་མི་༡༡བལ་ཡུལ་དུ་ཕྱིར་ལོག བལ་ཡུལ་གྱི་ཕྱི་མི་ཞིབ་བཤེར་ལས་ཁུངས།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། ཐུབ་བསྟན་སངས་རྒྱས།

བལ་ཡུལ་ཉེན་རྟོག་པས་བོད་མི་ཞིག་འཇུ་བཟུང་བྱས་ནས་བལ་སྒོར་ཁྲིག་གཅིག་ལྷག་གི་དཔལ་འབྱོར་ཉེས་ཆད་བཏང་རྗེས་ཕྱིར་ཕུད་བྱས་འདུག
དེ་ཡང་བལ་ཡུལ་ནས་ཕྲན་ལ་གནས་ཚུལ་འབྱོར་བ་ལྟར་ན། ཟླ་བ་འདིའི་སྤྱི་ཚེས་༦ཉིན་བལ་ཡུལ་ཉེན་རྟོག་པས་བལ་ཡུལ་གྱི་རྒྱལ་ས་kathmanduགྲོང་ཁྱེར་གྱི་Thamel ཁུལ་ནས་བོད་མི་སྟོབས་ལྡན་ཞེས་བ་ཞིག་ལམ་ཁར་འགྲོ་བཞིན་པའི་སྐབས་འཛིན་བཟུང་བྱས་ཡོད་པ་དང་། གནས་ཚུལ་ངོ་སྤྲོད་པས་བརྗོད་དོན། ཁོ་རང་ཉིན་དེར་ས་གནས་དེར་བྱུང་བའི་འཁྲུག་འཛིང་གི་གནས་ཚུལ་ཞིག་དང་འབྲེལ་བ་ཡོད་ཚུལ་གྱིས་Thamel ཉེན་རྟོག་བཀག་ཉར་ཁང་དུ་བཅུག་ནས་ཉེན་རྟོག་པས་གཅར་རྡུང་བཏང་ནས་འདྲི་རྩད་བྱས་ཡོད་འདུག འོན་ཀྱང་ཁོ་རང་འཁྲུག་འཛིང་གི་གནས་ཚུལ་དང་འབྲེལ་བ་མེད་པ་གསལ་བོ་བྱུང་ཡང་རྗེས་སུ་བལ་ཡུལ་ནང་གནས་སྡོད་དང་། འགྲུལ་བཞུད་ཆོག་པའི་ཁྲིམས་མཐུན་གྱི་ཡིག་ཆ་གང་ཡང་མེད་པའི་ཉེས་འཛུགས་བྱས་ནས། བལ་ཡུལ་གྱི་ཡུལ་སྐོར་བདེ་འཇགས་ཉེན་རྟོག་ལས་ཁུངས་བརྒྱུད་ཕྱི་མི་ཞིབ་གཤེར་ལས་ཁུངས་སུ་རྩིས་སྤྲོད་བྱས་ཡོད་པ་རེད། དེ་མ་ཐག་བལ་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་ཤེས་རྟོགས་བྱུང་ནས་བོད་མི་ཁོང་གི་གནས་ཚུལ་ལ་རྒྱུས་ལོན་དང་། གློད་བཀྲོལ་ཡོང་ཐབས་ལ་འབད་བརྩོན་བྱས་བ་བརྒྱུད་སྤྱི་ཚེས་༩ཉིན་ཕྱི་མི་ཞིབ་གཤེར་ལས་ཁུངས་ནས་ཁོ་རང་བལ་ཡུལ་ནང་ཁྲིམས་འགལ་ཐོག་འཛུལ་ཞུགས་དང་། གནས་སྡོད་བྱས་བར་བལ་སྒོར་ཁྲི་གཅིག་ལྷག་གི་དཔལ་འབྱོར་གྱི་ཉེས་ཆད་བཏང་རྗེས་ཁོང་བལ་ཡུལ་དང་རྒྱ་གར་ས་མཚམས་བར་བསྐྱེལ་ནས་རྒྱ་གར་ཕྱོགས་སུ་ཕྱིར་ཕུད་བྱས་འདུག
བོད་མི་ཁོང་ནི་ད་ལྟ་རང་ལོ་ཉེར་ལྔ་ཙམ་ཡིན་པའི་སྟོབས་ལྡན་ཡིན་པ་དང་། ཕ་ཡུལ་བོད་མདོ་སྨད་ཕྱོགས་ནས་ཡིན་པ་རེད་འདུག
རྒྱ་ནག་གི་མངོན་ལྐོག་གཉིས་ཀྱི་གནོན་ཤུགས་ལ་བརྟེན་བལ་ཡུལ་གཞུང་གིས་དུས་རྒྱུན་རྒྱ་ནག་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱེད་ཀྱི་ཡོད་པ་དང་། བལ་ཡུལ་ནང་གི་བཙན་བྱོལ་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་གང་འདྲ་ཞིག་སྤེལ་ཀྱང་བཀག་འགོག་དང་དམ་དྲག་བྱེད་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎