མཛོད་དགེ་ཕྱོགས་ཀྱི་བོད་མི་ཁག་གཅིག་གིས་ཞུ་གཏུགས་ངོ་རྒོལ།


2015.01.30
མཛོད་དགེ་ཕྱོགས་ཀྱི་བོད་མི་ཁག་གཅིག་གིས་ཞུ་གཏུགས་ངོ་རྒོལ་བྱེད་བཞིན་པ། ༢༠༡༥།༡།༢༨ མཛོད་དགེ་ཕྱོགས་ཀྱི་བོད་མི་ཁག་གཅིག་གིས་ཞུ་གཏུགས་ངོ་རྒོལ་བྱེད་བཞིན་པ། ༢༠༡༥།༡།༢༨
དྲ་བཤུས

ཟི་ཁྲོན་ཞིང་ཆེན་རྒྱ་ནག་གི་འཐུས་མིའི་ཚོཊ་ཆེན་དང་བསྟུན་ཏེ་ཞུ་གཏུགས་ངོ་རྒོལ་བྱེད་མཁན་བོད་མི་ཚོ་ཉེན་རྟོག་པས་བཙན་ཁྲིད་བྱས་འདུག
དེ་ཡང་ཟི་ཁྲོན་རྔ་པ་ཁུལ་མཛོད་དགེ་ཐང་སྐོར་གྱི་བོད་མི་འབྲོག་པ་ཁག་ཅིག་གིས་རང་ཉིད་ཀྱི་ས་ཁང་རྒྱ་ནག་གཞུང་གིས་བཙན་འཕྲོག་བྱས་པར་བརྟེན་ཟི་ཁྲོན་ཞིང་ཆེན་མི་མང་འཐུས་ཚོགས་དང་། ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་འདུ་དབུ་བཙུགས་སྐབས་ཚོགས་ཁང་མདུན་ཞུ་གཏུགས་ངོ་རྒོལ་བྱེད་པར་བསྐྱོད་སྐབས་འཛིན་བཟུང་བྱས་ཡོད་པ་དང་། བོད་མི་ཞིག་གིས་འདི་གའི་གསར་འགོད་པར་ངོ་སྤྲོད་གནང་དོན། ཟླ་བ་འདིའི་ཚེས་༢༨ཉིན་གྱི་སྔ་དྲོར་ཟི་ཁྲོན་ཞིང་ཆེན་མི་མང་འཐུས་མི ཚོགས་ཆེན་ཚོགས་པའི་སྐབས་མདོ་སྨད་རྔ་བ་ཁུལ་མཛོད་དགེ་རྫོང་ཐང་སྐོར་ཡུལ་ཚོའི་འབྲོག་པ་བཅུ་གཅིག་གིས་སྲོག་ལ་ཐུག་ཀྱང་ས་ཆ་སྲུང་སྐྱོབ་བྱ་རྒྱུ་ཡིན།  ཁྲིམས་འགལ་གྱིས་ས་ཆ་བཙན་འཕྲོག་བྱས་ནས་ང་ཚོ་རང་ཁྱིམ་དུ་ལོག་ས་མེད་སོགས་བརྗོད་ཚིག་འཁོད་པའི་འཕྲེད་དར་འཁྱེར་ནས་ཚོགས་ཁང་གི་སྒོ་འགྲམ་དུ་བསྡད་ནས་ཞུ་གཏུགས་ངོ་རྒོལ་བྱས་ཡོད་པ་རེད། བོད་མི་དེ་དག་གིས་ཞུ་གཏུག་ངོ་རྒོལ་བྱས་ནས་དུས་ཡུན་རིང་པོ་མ་ཕྱིན་པར་རྒྱ་ནག་ཉེན་རྟོག་པ་ལྔ་བཅུ་ཙམ་སླེབས་ཏེ་བོད་མིའི་ལག་ནས་འཕྲེད་དར་བཙན་འཁྲོག་བྱས་ཏེ་ཁོང་རྣམས་རླངས་འཁོར་ཞིག་ནང་བཅུག་ནས་འཇུ་བཟུང་བྱས་ཡོད་པ་དང་། ཕྱི་ཚེས་༣༠ཉིན་ཁོང་ཚོའི་ཁྲོད་ནས་མི་གྲངས་དགུ་གློད་བཀྲོལ་བཏང་ཡོད་ཀྱང་སྐད་བསྒྱུར་བྱེད་མཁན་འཇིགས་མེད་ལགས་དང་། ཚེ་དཔག་ལགས་གཉིས་ད་དུང་ཡང་གློད་བཀྲོལ་བཏང་མེད་པ་མ་ཟད། ཐང་སྒོར་ས་གནས་དཔོན་རིགས་ནས་ས་གནས་དེའི་ནང་གི་མང་ཚོགས་ཚོགས་འདུ་བསྐོངས་བྱས་ནས་ངོ་རྒོལ་ཞུ་གཏུགས་རིགས་བྱས་ཚེ་འཛིན་བཟུང་བྱ་རྒྱུའི་ཐ་ཚིག་བཏང་ཡོད་པའི་སྐོར་གནས་ཚུལ་ངོ་སྤྲོད་གནང་འདུག
གནས་ཚུལ་དེའི་འབྱུང་རྐྱེན་ནི་ལོ་ངོ་ལྔ་ལྷག་ཙམ་གྱི་གོང་མཛོད་དགེ་ཐང་སྐོར་གྱི་རུ་ཁག་གཉིས་པའི་འབྲོག་སར་གཞུང་གི་འཛུགས་སྐྲུན་བྱ་རྒྱུ་ཡིན་ལུགས་བཤད་ནས་ས་གནས་འབྲོག་པའི་ས་ཆ་བཙན་འཕྲོག་བྱས་པ་དང་། དེའི་རྗེས་ཀྱི་ལོ་མང་པོའི་རིང་ས་གནས་འབྲོག་པ་ཚོས་མཛོད་དགེ་རྫོང་ལ་ཞུ་གཏུགས་ཐེངས་མང་བྱས་ཡོད་ཀྱང་དེར་ཁ་ཡ་དང་ཐག་གཅོད་བྱེད་མཁན་རྩ་བ་ནས་བྱུང་མེད་པར་བརྟེན་ད་རེས་འབྲོག་སྡེ་དེའི་འཐུས་མི་བཅུ་ལྷག་ཟི་ཁྲོན་ཁྲིན་འདུ་གྲོང་ཁྱེར་དུ་ཚོགས་ཆེན་གཉིས་ཀྱི་སྐབས་ཞུ་གཏུགས་རྒྱབ་པར་བསྐྱོད་དགོས་བྱུང་ཡོད་པ་རེད་འདུག

གསར་འགོད་པ་འཆི་མེད།
གཞན་ཞིབ་ཕྲ་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་གྱིས་བཏང་བའི་གནས་ཚུལ་ལ་གསན་རོགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་དགུང་གྲངས་༥༢ཐོག་འདས་གྲོངས་སུ་ཕྱིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎