སྤྱི་འཐུས་ནས་རྒྱ་གར་བྱང་ཕྱོགས་སུ་ལས་འགུལ།

བོད་མི་མང་སྤྱི་འཐུས་བཞི་ནས་ཇམ་མུ་ཀ་ཤི་མིར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་གཏུག་ལས་འགུལ་རྒྱ་ཆེ་སྤེལ་ཡོད་པས་མ་ཚད། ཁུལ་དེར་ཁྲོམ་སྐོར་གྱི་ལས་འགུལ་ཡང་སྤེལ་ཡོད་པ་རེད།
2013-01-04
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

༄༅།    །བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རྒྱ་གར་བྱང་ཕྱོགས་མངའ་སྡེ་ཁག་ནང་བོད་དོན་ཞུ་གཏུག་ལས་འགུལ་གྱི་སྣེ་ཁྲིད་པ་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་དང་། གངས་ལྷ་མོ་ལགས། དགེ་བཤེས་སྐལ་བཟང་དགྲ་འདུལ་ལགས་ རྨོག་རུ་བསྟན་པ་ལགས་བཅས་སྤྱི་འཐུས་རྣམ་པ་ཚོས། རྒྱ་གར་གྱི་མངའ་སྡེ་ཇམ་མུ་ནང་མངའ་སྡེ་གཞུང་གི་བློན་ཆེན་སོགས་དང་མཇལ་འཕྲད་དང་།    ཁྲོམ་སྐོར་གྱི་ལས་འགུལ་སྤེལ་ཡོད་པ་རེད།  ཕྱི་ཟླ་དང་པོའི་ཚེས་༡ཉིན་སྤྱི་འཐུས་སྐུ་ཚབ་རྣམ་པ་ཚོས་མངའ་སྡེའི་རྫོང་དཔོན་ལས་རོགས་ལྕམ་རེ་ན་བྷོ་ཊ་མཆོག་མཇལ་འཕྲད་ཞུ་སྐབས།  རྫོང་དཔོན་ལས་རོགས་ནས་སེམས་འགུལ་གྱི་བཀའ་མོལ་མང་པོ་ཞིག་གནང་ཡོད་པ་དང་། ལྷག་པར་ས་གནས་འདི་རྒྱ་གར་རྒྱལ་ཁབ་ཀྱི་མཐའ་མཚམས་སུ་འཁེལ་གྱི་ཡོད་པས་སྲུང་སྐྱོབ་དམ་བསྒྲཌ་ཆེན་པོ་ཡོད་པར་བརྟེན། ཁྲོམ་སྐོར་སོགས་བྱ་རྒྱུར་བཀའ་འཁྲོལ་ཐོབ་དཀའ་ཡང་།  ཁོང་གིས་དམིགས་བསལ་ཐུགས་འཁུར་ཆེ་བཞེས་ཀྱིས་བཀའ་འཕྲོལ་ཞུ་ཐོབ་བྱུང་ཡོད་འདུག   དེ་བཞིན་ཕྱི ཚེས་༢ཉིན་གྱི་སྔ་དྲོ་ལ་དྭགས་དང་། ཟངས་དཀར་སོགས་ཀྱི་ས་གནས་ངོ་ཡོད་སློབ་ཕྲུག་བརྒྱ་དང་ལྔ་ཅུ་ལྷག་འདུ་འཛོམས་ཀྱིས་གསར་འགོད་གསལ་བསྒྲགས་དང་།  གཞུང་ལམ་ཆེན་པོའི་གྲོང་ཁྱེར་ནང་ལག་ཏུ་བོད་ཀྱི་རྒྱལ་དར་དང་། འཕྲེད་དར་སྣ་ཚོགས།  ཁ་བཏགས་སོགས་བཟུང་སྟེ་སྐད་འབོད་ཁྲོམ་སྐོར་བྱས་ཡོད་འདུག   དེའི་ཉིན་ཇམ་མུ་མངའ་སྡེའི་བློན་ཆེན་ཨོ་མར་ ཨབ་ཏུ་ལ་མཆོག་དང་མཇལ་འཕྲད་ཀྱིས་ཞུ་དགོས་ཀྱི་དོན་གནད་རྣམས་ཡིག་ངག་གཉིས་ཐོག་ནས་ཞུས་འདུག   ཐེངས་འདིའི་ལས་འགུལ་གྱི་སྔ་ཕྱི་གང་ཅིར་བླ་མ་ཆོས་འཕེལ་བཟོད་པ་མཆོག་གིས་རོགས་རམ་གནང་ཡོད་པར་སྤྱི་འཐུས་ཚོགས་ཆུང་གི་ཚོགས་མི་ཡོངས་ནས་ཐུགས་རྗེ་ཆེ་ཞེས་ཞུས་ཡོད་པའི་སྐོར་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་འཁོད་འདུག།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།