ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་༢༧།


2016.12.10
༨༠༠.jpg བཞུགས་སྒར་དུ་༧གོང་ས་མཆོག་ལ་ནོར་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་༢༧འཁོར་བའི་དུས་དྲན་སྲུང་བརྩི།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། ཨོ་རྒྱན་བསྟན་འཛིན།

༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་༢༧འཁོར་བའི་དུས་དྲན་རྡ་རམ་ས་ལ་གཙོས་པའི་བོད་མི་གནས་ཡུལ་གྱི་ས་ཕྱོགས་གང་སར་སྲུང་བརྩི་ཞུ་བཞིན་ཡོད་པ་དང་། གཞུང་འབྲེལ་དུས་དྲན་མཛད་སྒོ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཙོ་བཞུགས་ཐོག་བཞུགས་སྒར་དུ་ཚོགས་གནང་ཡོད་འདུག མཛད་སྒོའི་ཐོག་སྲིད་སྐྱོང་མཆོག་ནས་གསུང་བཤད་གནང་སྐབས།  བཀའ་ཤག་གིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་༧གོང་ས་མཆོག་ལ་ནོར་བེལ་ཞི་བདེའི་གཟེངས་རྟགས་ཕུལ་ནས་ལོ་ངོ་༢༧ཕེབས་པའི་དུས་དྲན་ཉིན་འཚམས་འདྲི་ཞུ་རྒྱུ་དང་འབྲེལ། རྒྱ་ནག་གཞུང་གི་དཔོན་རིགས་དབར་ང་ཚོས་དབུ་མའི་ལམ་གྱི་སྲིད་ཇུས་འོག་ཞི་བའི་གྲོས་མོལ་ཡོང་རྒྱུར་འབད་བརྩོན་ཞུ་ཡིན་པའི་སྐོར་སོགས་གསུངས་ཡོད་པ་དང་། དེ་བཞིན་མཛད་སྒོའི་ཐོག་སྤྱི་འཐུས་ཚོགས་གཙོ་མཆོག་ནས་སྤྱི་ནོར་༧གོ་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ནང་རླབས་ཆེན་གྱི་མཛད་འཕྲིན་བསྐྱངས་བཞིན་པར་འཛམ་གླིང་མི་མང་གིས་དད་གུས་ཧ་ཅང་ཆེན་པོ་ཞུ་བཞིན་ཡོད་ཀྱང་། རང་རེའི་སྤྱི་ཚོགས་ནང་བོད་མི་རེ་བཟུང་གིས་གཞི་མེད་ཀྱི་མཚན་མེད་ཞུ་བཞིན་པར་ཚང་མས་གདོང་ལེན་བྱ་དགོས་པའི་འབོད་སྐུལ་ཞུས་ཡོདའདུག།
གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་འདོན་ས་ཚིགས་གསར་རྒྱག་ཆེད་ཨ་ཚོགས་བདེ་ཆེན་ཆོས་འཁོར་གླིང་དང་སྡེ་བ་གཉིས་བཙན་གྱིས་གཏོར་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎