རྒྱ་ནག་གཞུང་གིས་བོད་དོན་གྲོས་མོལ་གནང་དགོས།

2017-01-09
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
སྲིད་སྐྱོང་མཆོག་གིས་རྡོ་རྗེ་གདན་ནས་གསར་འགོད་ལྷན་ཚོགས་གནང་སྐབས། ༢༠༡༧།༡།༨
སྲིད་སྐྱོང་མཆོག་གིས་རྡོ་རྗེ་གདན་ནས་གསར་འགོད་ལྷན་ཚོགས་གནང་སྐབས། ༢༠༡༧།༡།༨
Photo: RFA

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་ཀྱི་དཀའ་རྙོག་སེལ་ཐབས་ཆེད་རྒྱ་ནག་གཞུང་གིས་བོད་མི་ཚོ་དང་གྲོས་མོལ་གནང་དགོས་པའི་འབོད་སྐུལ་ཞུས་གནང་འདུག
དེ་ཡང་ཁ་ས་རེས་གཟའ་ཉི་མའི་ཉིན་གནས་མཆོག་རྡོ་རྗེ་གདན་དུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་འཚོགས་གནང་བའི་སྐབས། ཁོང་གིས་བོད་མི་ཚོས་ག་དུས་ཡིན་ནའང་རྒྱ་ནག་གཞུང་དང་ལྷན་དུ་དོན་ཕན་ལྡན་པའི་གྲོས་མོལ་གནང་རྒྱུར་གྲ་སྒྲིག་ཡོད་པ་མ་ཟད། དེའི་ཐོག་རྒྱ་ནག་གཞུང་གིས་གྲོས་མོལ་བྱེད་བསམ་པའི་བརྡ་ལན་སྤྲད་མིན་ལ་རག་ལས་ཡོད་ཅེས་གསུངས་པ་དང་སྦྲགས་གང་ལྟར་བོད་རྒྱ་གཉིས་ཀྱི་དཀའ་རྙོག་དེ་ནི་ཕན་ཚུན་གདོང་ཐུག་མ་ཡིན་པར་གྲོས་མོལ་ཀྱི་ཐབས་ལམ་ཁོ་ན་ལས་སེལ་དགོས་པའི་འབོད་སྐུལ་ཞུས་གནང་ཡོད་པ་རེད།
ཡང་སྲིད་སྐྱོང་མཆོག་གིས་མུ་མཐུད་དུ་གསུང་ན། བོད་མི་ཚོས་རྒྱ་ནག་གཞུང་དང་གྲོས་མོལ་བརྒྱུད་བོད་ལ་ཕྱིའི་རྣམ་པ་ཙམ་མ་ཡིན་པའི་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་དགོས་ཞེས་ཁ་གསལ་བརྗོད་གནད་བ་དང་། སྤྱིར་བོད་མི་ཚོས་བོད་ཅེས་བརྗོད་དུས་བོད་རང་སྐྱོང་ལྗོངས་ཐེ་བའི་རྒྱ་ནག་གི་ཞིང་ཆེན་མཚོ་སྔོན་དང་། ཟི་ཁྲོན། ཀན་སུའུ། ཡུན་ནན་བཅས་ཀྱི་ནང་དུ་བགོ་ཤ་བརྒྱབ་པའི་བོད་མིའི་མངའ་ཁོངས་བོད་ཁྱོན་ཡོངས་ཟེར་གྱི་ཡོད་པ་རེད་ཅེས་དང་། བོད་མི་ཚོས་རྒྱ་ནག་གཞུང་དང་གྲོས་མོལ་བརྒྱུད་དེ་བོད་ཁྱོན་ཡོངས་སུ་མངའ་ཁོངས་གཅིག་ཏུ་ཚུད་དགོས་པའི་དགོས་འདོན་བཏོན་བཞིན་ཡོད་པ་རེད།
རྒྱ་ནག་གཞུང་གིས་ད་བར་བོད་ནང་དུ་འཛིན་བཞིན་པའི་སྲིད་བྱུས་ལ་བཙན་བྱོལ་བོད་མི་ཚོས་ངོ་རྒོལ་དང་སྤྲགས་རྒྱ་ནག་གཞུང་གིས་བོད་ནང་འཕེལ་རྒྱས་ལ་ཁ་གཡར་སྟེ་བོད་ནང་གི་རང་བྱུང་ཁོར་ཡུག་ལ་གཏོར་བཤིག་ཚབས་ཆེན་གཏོང་བཞིན་ཡོད་པ་མ་ཟད། དེ་བཞིན་བོད་ནང་གི་བོད་མི་ཚོར་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པ་དེ་དག་ལ་སྐྱོན་བརྗོད་གནང་དང་གནང་མུས་ཡིན་པ་རེད།

གསར་འགོད་པ་གུ་རུ་ཆོས་སྐྱིད།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།