ཉི་ཧོང་ནས་ཐེ་ཝན་གྱི་ཚཡེ་ཨིང་ཝེན་ལ་འཚམས་འདྲི་ཞུས་པ།


2016.01.17
ཉི་ཧོང་ནས་ཐེ་ཝན་གྱི་ཚཡེ་ཨིང་ཝེན་ལ་འཚམས་འདྲི་ཞུས་པ། ཐེ་ཝན་གྱི་རྒྱལ་ཡོངས་འོས་བསྡུའི་ནང་ལྕམ་ཚཡེ་ཨིང་ཝེན་ལ་རྒྱལ་ཁ་ཐོབ་པར་ཉི་ཧོང་གིས་འཚམས་འདྲི་ཞུས་པ།
ཚཡེ་ཨིང་ཝེན་གྱི་ངོ་དེབ།

༄༅༎ཕྱི་ཟླ་དང་པོའི་ཚེས་༡༦ རེས་གཟའ་སྤེན་པའི་ཉིན་གྱི་ཐེ་ཝན་གྱི་འོས་བསྡུ་ཆེན་མོའི་ནང་ཐེ་ཝན་དམངས་གཙོ་ཡར་རྒྱས་ཚོགས་པའི་ཚོགས་གཙོ་ལྕམ་Tsai Ing-wen ནི་བུད་མེད་ཀྱི་སྲིད་འཛིན་དང་པོ་རྒྱལ་ཁ་ཐོབ་པ་དེར་ཉི་ཧོང་གཞུང་གིས་བཀྲིས་བདེ་ལེགས་ཀྱི་འཚམས་འདྲི་ཞུས་པ་མ་ཟད་། ཐེ་ཝན་དང་འབྲེལ་བ་གཏིང་ཟབ་ཏུ་གཏོང་རྒྱུའི་ཁས་ལེན་ཡང་གནང་ཡོད་པ་རེད་།
རེས་གཟའ་སྤེན་པའི་ཐེ་ཝན་གྱི་འོས་བསྡུ་ཆེན་མོའི་ནང་ལྕམ་Tsai Ing-wen གྱི་དམངས་གཙོ་ཡར་རྒྱས་ཚོགས་པར་སྲིད་འཛིན་དང་གྲོས་ཚོགས་གཉིས་ཀའི་རྒྱལ་ཁ་ཆེན་པོ་ཐོབ་སྟེ་གོ་མིང་ཏང་ཚོགས་པར་ཕམ་ཉེས་བྱུང་བའི་རྗེས་། ཉི་ཧོང་གཞུང་གིས་རྒྱལ་ཁའི་གྲུབ་འབྲས་ལ་དགའ་བསུའི་གསལ་བསྒྲགས་ཤིག་སྤེལ་ཏེ་དེའི་ནང་དུ་ད་དུང་ཐེ་ཝན་གྱི་དམངས་གཙོར་རྟེན་འབྲེལ་དང་བསྔགས་བརྗོད་ཀྱང་ཞུས་ཡོད་པ་རེད་། དེ་ནི་འོས་བསྡུ་གྲུབ་ཏེ་རྒྱལ་ཕམ་གྱི་གསལ་བསྒྲགས་གནང་བའི་རྗེས་ཏེ་ཕྱི་ཚེས་༡༦ གི་ཕྱི་དྲོ་ཉི་ཧོང་ཕྱི་སྲིད་བློན་ཆེན་གྱིས་འཚམས་འདྲིའི་གསལ་སྒྲགས་ཤིག་སྤེལ་ཏེ་། ཉི་ཧོང་གཞུང་གི་ཐོག་ནས་ལྕམ་Tsai Ing-wen ལ་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་པ་དེར་འཚམས་འདྲི་ཞུས་པ་མ་ཟད་། ད་རེས་ཐེ་ཝན་གྱི་འོས་བསྡུའི་ལས་དོན་ལམ་ལྷོངས་ལྡན་པའི་སྒོ་ནས་བྱུང་བ་དེ་ནི་དམངས་གཙོ་སྲ་བརྟན་བཙུགས་པའི་རྣམ་པ་གསལ་པོ་སྟོན་པ་ཞིག་ཡིན་ལུགས་གསུངས་ཡོད་ལ་། ད་དུང་ཐེ་ཝན་ནི་ཉི་ཧོང་གི་གལ་ཆེའི་ཁྱིམ་མཚེས་ཡུལ་གྲུ་ཞིག་དང་། རྩ་ཆེའི་མཐུན་གྲོགས་ཤིག་ཀྱང་ཡིན་ཞིང་། ཉི་ཧོང་གཞུང་ཕྱོགས་ནས་། ཐེ་ཝན་དང་ཉི་ཧོང་ཕན་ཚུན་མཉམ་ལས་དང་གནས་ཚུལ་བརྗེ་ལེན་གྱི་འབྲེལ་ལམ་མུ་མཐུད་གཏིང་ཟབ་ཏུ་གཏོང་རྒྱུའི་ལས་དོན་ཐོག་ལ་ཤུགས་གནོན་རྒྱབ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད་། འོན་ཀྱང་རྒྱ་ནག་གཞུང་གི་ཕྱོགས་ནས་ལྕམ་Tsai Ing-wen གྱི་རྒྱལ་ཁ་དེར་རྣམ་འགྱུར་དྲག་པོ་བཏོན་ཡོད་པ་དང་། དེ་ནི་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་Hong Le ཡིས་ཉེན་བརྡ་བཏང་བ་དང་སྦྲགས་རྒྱ་ནག་གཞུང་གིས་ཐེ་ཝན་ཐོག་འཛིན་པའི་ལངས་ཕྱོགས་ལ་འགྱུར་བ་མེད་པའི་སྲ་བརྟན་ཏུ་གནས་ཡོད་པ་མ་ཟད་། ཐེ་ཝན་རྒྱ་ནག་ནས་ཁ་བྲལ་གཏོང་ཐབས་ཀྱི་རང་བཙན་གྱི་བྱ་སྤྱོད་རིགས་ཇི་འདྲ་ཞིག་སྤེལ་རྒྱུར་རྒྱ་ནག་གི་ཕྱོགས་ནས་དུས་ནམ་ཡང་བཟོད་སྲན་བྱ་ཐབས་མེད་ཟེར་བཤད་ཡོད་པ་རེད་།།
གསར་འགོད་པ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎