མཚོ་མོ་སྐྱིད་ཀྱིས་དངུལ་གྱི་རྟགས་མ་བླངས་འདུག

2017-05-05
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
བོད་རིགས་ལུས་རྩལ་བ་མཚོ་མོ་སྐྱིད།
བོད་རིགས་ལུས་རྩལ་བ་མཚོ་མོ་སྐྱིད།
tbmgar.com

མཚོ་མོ་སྐྱིད་ཀྱིས་༢༠༡༧་ལོའི་ཝུའུ་ཆིན་རྒྱལ་སྤྱིའི་བུད་མེད་རྒྱང་རྒྱུག་འགྲན་སྡུར་ཁྲོད་དངུལ་གྱི་རྟགས་མ་བླངས་འདུག
གནས་ཚུལ་ཐོན་པ་ལྟར་ན། ཟླ༤པའི་ཚེས༢༩་ཉིན། རྒྱ་ནག་ཐེན་ཅིན་ནས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པའི་འགྲན་སྡུར་དང་། ༢༠༡༧་ཝུའུ་ཆིན་རྒྱལ་སྤྱིའི་རྒྱང་རྒྱུག་འགྲན་སྡུར་ཁྲོད། མདོ་སྨད་མཚོ་སྔོན་ཕྱོགས་ཀྱི་ལུས་རྩལ་པ་མཚོ་མོ་སྐྱིད་ཀྱིས་དུས་ཚོད་ཆུ་ཚོད་༢དང་སྐར་མ་༣༦ སྐར་ཆ་༦ གི་གྲུབ་འབྲས་ཀྱིས་བུད་མེད་ཚན་ཆུང་གི་ཨང་གཉིས་པ་བླངས་ཏེ། མཚོ་སྔོན་ཞིང་ཆེན་གྱི་འགྲན་བསྡུར་ཚོགས་པར་དངུལ་གྱི་རྟགས་མ་བླངས་འདུག
འགྲན་སྡུར་ཚར་རྗེས་མཚོ་མོ་སྐྱིད་ཀྱིས། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཁྲོད་དངུལ་གྱི་རྟགས་མ་བླངས་ཏེ། མཚོ་སྔོན་གྱི་མི་དམངས་ལ་གཟི་བརྗིད་བརྩོན་ལེན་བྱུང་བས། ང་རང་ཧ་ཅང་དགའ་སྤྲོ་སྐྱེ་བཞིན་ཡོད། ཡུལ་མི་སྤུན་ཟླས་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཅེས་དང་། རྗེས་ཕྱོགས་ངས་མུ་མཐུད་དུ་འབད་པ་བྱས་ཏེ། འདི་ལས་བཟང་བའི་གྲུབ་འབྲས་བཟང་པོ་བླངས་ནས་ཕ་ཡུལ་གྱི་མི་དམངས་ལ་དྲིན་ལན་མཇལ་ངེས་ཡིན། ཞེས་གསར་འགོད་པ་ཚོར་བརྗོད་འདུག
མཚོ་མོ་སྐྱིད་ལགས་ནི་མདོ་སྨད་མཚོ་སྔོན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་འམ་ཧེ་ཡན་རྫོང་ནས་ཡིན་པ་དང་། དེ་སྔ་འགྲན་བསྡུར་འདྲ་མིན་ཁྲོད་གསེར་དང་། དངུལ་གྱི་རྟགས་མ་སོགས་བྱ་དགའ་འདྲ་མིན་ཐེངས་༢༢་བླངས་མྱོང་ཡོད་པ་རེད། མཚོ་མོ་སྐྱིད་ད་དུང་ཐེངས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་མི་ཊར་༡༠༠༠༠་དང་མི་ཊར་༥༠༠༠་ཅན་གྱི་འགྲན་སྡུར་ནང་ཡང་ཞུགས་རྒྱུ་ཡིན་འདུག།

གསར་འགོད་པ་ཀླུ་འབུམ།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།