སྤྲུལ་སྐུ་བློ་བཟང་ལགས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པ།


2017.08.01
སྤྲུལ་སྐུ་བློ་བཟང་ལགས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པ། བོ་རོད་དགོན་པའི་སྤྲུལ་སྐུ་བློ་བཟང་ལགས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་རྗེས་ས་གནས་མི་མང་ཚོས་ཁོང་མགྱོགས་མྱུར་གློད་གྲོལ་དགོས་པའི་རེ་འབོད་བྱེད་བཞིན་ཡོད་འདུག
ཀུན་བཟང་བསྟན་འཛིན།

༄༅༎སྤྲུལ་སྐུ་བློ་བཟང་ལགས་ཕྱི་ཟླ་བདུན་པའི་ཚེས་༢༡ཉིན་བོ་རོད་དགོན་ནས་དར་རྕེ་མདོ་ས་གནས་སུ་ཡོང་དགོས་པ་འབྲེལ་ཡོད་རྒྱ་ནག་གཞུང་གི་ལས་ཁང་གི་བཀའ་བཞིན་དར་རྕེ་མདོ་ལ་སླེབས་པའི་རྗེས་འཇུ་བཟུང་བྱས་ཡོད་པ་དང་།  ཁོང་འཇུ་བཟུང་བྱས་ནས་ད་བར་ཉིན་གྲངས་བཅུ་གཅིག་ཙམ་འགྲོ་གིན་ཡོད་ན་ཡང་ཁོང་གློད་གྲོལ་བཏང་མེད་པའི་ཁར་ཁོང་འཛིན་བཟུང་བྱ་དགོས་དོན་གྱི་ནག་ཉེས་ག་རེ་ཡོད་མེད་དང་། ད་ཆ་ག་པར་བཀག་ཉར་བྱས་ཡོད་མིན་སོགས་ཁ་གསལ་གང་ཡང་འགྲེལ་བརྗོད་མ་བྱས་པར་སྐབས་རེ་ཁྲིན་ཏུར་ཡོད་ལུགས་དང་སྐབས་རེ་དར་རྕེ་མདོར་ཡོད་མུས་ཡིན་པའི་སྐོར་བཤད་པ་ལས་གནས་ཚུལ་དངོས་འགྲེལ་བརྗོད་བྱེད་ཀྱི་མེད་པར་བརྟེན་དགོན་སྡེའི་དགེ་འདུན་པ་དང་ས་གནས་མི་མང་ཚོར་སེམས་ཁྲལ་ཆེན་པོ་ཡོད་པ་མ་ཟད།  ཁོང་གང་མགྱོགས་གློད་གྲོལ་ཡོང་བའི་རེ་བ་བྱེད་བཞིན་ཡོད་པའི་ས་གནས་བོད་མིས་འགྲེལ་བརྗོད་གནང་འདུགསྤྲུལ་སྐུ་བློ་བཟང་ལགས་དེ་སྔོན་རྒྱ་གར་ཕྱོགས་སུ་གནས་མཇལ་དུ་ཐེངས་གཅིག་ཕེབས་མྱོང་ཡོད་པ་དང་།  ཁོང་སྤྲུལ་སྐུར་ངོས་འཛིན་བྱུང་བའི་རྐྱེན་གྱིས་རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་ཞྭ་མོ་གཡོག་ནས་འཛིན་བཟུང་བྱས་པ་ཞིག་ཡིན་ལུགས་མང་ཚོགས་ཁྲོད་གླེང་སློང་བྱེད་བཞིན་ཡོད་པ་དང་།  གལ་སྲིད་རྒྱ་ནག་གཞུང་གིས་སྤྲུལ་སྐུ་བློ་བཟང་ལགས་སུ་ཁྲིམས་ཐག་བཅད་པའི་གནས་ཚུལ་འདྲ་བྱུང་ཚེ་དགོན་པའི་དགེ་འདུན་དང་ས་གནས་མི་མང་ཚོས་ངོ་རྒོལ་གྱི་ལས་འགུལ་སྤེལ་ནས་ཛ་དྲག་གི་གནས་སྟངས་ཆགས་སྲིད་པའི་སྐོར་བོད་ནས་མིང་འབོད་གནང་འདོད་མེད་པའི་མི་ཞིག་གིས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་སུ་གསུངས་འདུག།   
གསར་འགོད་པ་འཆི་མེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎