སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་སྲིང་མོ་བཙན་ཁྲིད།


2015.07.18
སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྲིང་མོ་སྒྲོལ་དཀར་ལྷ་མོ་ལགས སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྲིང་མོ་སྒྲོལ་དཀར་ལྷ་མོ་ལགས། ༢༠༡༥།༧
པར་ཚགས།

༄༅༎ཉེ་ཆར་ཕྱི་ཚེས་ ༡༢ ཉིན་རྒྱ་མིའི་བཙོན་ཁང་ནང་དགོངས་པ་རྫོགས་པའི་ལི་ཐང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྲིང་མོ་དང་ཚ་མོ་རྒྱ་མིའི་ཉེན་རྟོག་པས་བཙན་འཁྲིད་བྱས་ཤིང་། དེ་བཞིན་རིན་པོ་ཆེའི་སྐུ་ཕུང་གི་པུར་ཐལ་བསྡུ་རུབ་བྱ་མཁན་ཆེད་མི་བཞི་ཡོད་པ་དེ་དག་ལ་རིན་པོ་ཆེའི་པུར་ཐལ་རྩིས་སྤྲོད་བྱུང་ཡོད་མིན་སོགས་གནས་ཚུལ་གསལ་ཁ་ད་དུང་ཤེས་རྟོགས་མེད་པར་གནས་ཡོད་པ་དགེ་བཤེས་འཇམ་དབྱངས་ཉི་མ་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་།  དགེ་བཤེས་འཇམ་དབྱངས་ཉི་མ་ལགས་ནི་བཞུགས་སྒར་རྣམ་རྒྱལ་གྲྭ་ཚང་གི་ཕྱག་དཔེའི་རྒན་དང་རིན་པོ་ཆེའི་སྐུ་ཆེད་ཞིག་ཡིན་པ་རེད།

བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དགོངས་པ་རྫོགས་རྗེས་ཁོང་གི་སྲིང་མོ་སྒྲོལ་དཀར་ལྷ་མོ་ལགས་དང་རིན་པོ་ཆེའི་དགོན་པ་ཁག་གི་དགེ་འདུན་པ། དེ་བཞིན་ཕ་ཡུལ་ལི་ཐང་གི་དད་ལྡན་པ་མང་པོས་རིན་པོ་ཆེའི་སྐུ་ཕུང་ནང་མིར་རྩིས་སྤྲོད་དགོས་པའི་དགོས་འདུན་ཤུགས་ཆེ་བཏོན་ཡང་རྒྱ་ནག་གཞུང་གིས་ཉན་འཇོགས་བྱས་མེད་ཅིང་། ཕྱི་ཚེས་ ༡༦ གི་སྔ་དྲོ་རིན་པོ་ཆེའི་སྐུ་ཕུང་བཙོན་ཁང་ནང་གློག་གི་འཕྲུལ་ཆས་ཐོག་ནས་ཞུགས་འབུལ་ཞུས་ཡོད་པ་རེད། སྐབས་དེར་རིན་པོ་ཆེའི་སྲིང་མོ་གཉིས་དང་ཕྱོགས་མཐའ་ཁག་ནས་ཆེད་མངགས་ཁྲིན་ཐུར་འབྱོར་བའི་མི་བརྒྱ་སྐོར་ཞིག་ཡོད་པ་དེ་དག་གི་ཁོངས་ནས་མི་ ༣༠ ཙམ་ལ་རིན་པོ་ཆེའི་སྐུ་ཕུང་མཇལ་དུ་བཅུག་ཡོད་པ་དང་། སྐུ་ཕུང་ཞུགས་འབུལ་རྗེས་བསྟན་འཛིན་བདེ་ལེགས་རིན་པོ་ཆེས་ཕྱག་བཏབ་པའི་ཁམས་ན་ལེན་ཌ་བྱང་ཆུབ་ཆོས་གླིང་དགོན་པའི་མཁན་ཟུར་ཨ་དབང་ལགས་དང་བསྟན་འཛིན་དྲི་མེད་ལགས་རྣམ་གཉིས་གཙོས་པའི་མི་བཞི་སྐུ་ཕུང་གི་རུས་ཐལ་རྩིས་ལེན་བྱ་མཁན་ཆེད་ཉར་བ་ལས་དེ་མིན་མི་ཡོངས་རྫོགས་སོ་སོའི་ས་གནས་སུ་ཕྱིར་འབུད་བྱས་ཡོད་པ་རེད།  དེ་རྗེས་ཕྱི་ཚེས་ ༡༧ གྱི་སྔ་དྲོ་ཚོུད་བརྒྱད་པ་ཡས་མས་ཙམ་ལ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྲིང་མོ་སྒྲོལ་དཀར་ལྷ་མོ་ལགས་དང་ཁོང་གི་བོུ་ཉི་མ་ལྷ་མོ་གཉིས་དྲིན་ཐུ་ས་གནས་ནས་ལི་ཐང་རྫོང་གི་ཉེན་རྟོག་པས་བཙན་ཁྲིད་བྱས་ཡོད་འདུག་ཅིང་། གནས་ཚུལ་མཁོ་སྤྲོད་པས་འགྲེལ་བརྗོད་གནང་པར་གཞིགས་ན་ཁོང་རྣམ་པ་ཚང་མའི་ཁ་པར་ཐོག་འབྲེལ་འཐུད་བྱེད་ཐུབ་ཀྱི་མེད་པ་དང་། ད་ལྟའི་འཆར་ཁོང་ཚོ་གར་ཡོད་གསལ་རྟོགས་མེད་པར་གྱུར་ཡོད་འདུག།

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎