ཁམས་དཀར་མཛེས་བྲག་དཀར་དགོན་པའི་བཙུན་མ་གཉིས་འཛིན་བཟུང་བྱས་ཡོད་པ།

ཁམས་དཀར་མཛེས་བྲག་དཀར་དགོན་པའི་བཙུན་མ་གཉིས་ཀྱིས་སྐད་འབོད་དང་ལག་པས་བྲིས་པའི་ཡིག་ཆ་བཀྲམ་ཡོད་པར་བརྟེན་འཛིན་བཟུང་བྱས་འདུག

2008.04.24

༄༅༎ཁམས་དཀར་མཛེས་བྲག་དཀར་དགོན་པའི་བཙུན་མ་གཉིས་ཀྱིས་ཞི་བའི་ངོ་རྒོལ་བྱས་པའི་རྐྱེན་གྱིས་འཛིན་བཟུང་བྱས་འདུག

ཟླ་བ་སྔོན་མའི་གསུམ་བཅུ་དུས་དྲན་གྱི་རྗེས་ནས་བཟུང་བོད་ས་ཡོངས་སུ་རང་དབང་ཡར་ལངས་ཀྱི་ཞི་བའི་ངོ་རྒོལ་མཚམས་ཆད་མེད་པར་སྤེལ་བཞིན་པ་དང༌། དེ་བཞིན་དོན་རྐྱེན་དེའི་ཁྲོད་བོད་མི་བརྒྱ་ཕྲག་གི་ལྷག་ཚེ་སྲོག་ཤོར་ཡོད་པ་མ་ཟད། བོད་མི་སྟོང་ཕྲག་མང་པོར་རྨས་ཕོག་ཚབས་ཆེན་ཕོག་ནས་སྨན་བཅོས་བྱེད་མ་ཐུབ་པའི་དཀའ་ངལ་དང༌། དེ་བཞིན་ཁོང་རྒྱ་ནག་གཞུང་གི་བཙོན་ཁང་དུ་གཅར་བརྡུང་མི་སྤྱོད་ལས་འདས་པ་མྱང་བཞིན་པའི་གནས་ཚུལ་བྱུང་དང་བྱུང་བཞིན་ཡོད་ལ། ལྷག་པར་དུ་བཙུན་མ་ཚོར་བཙོན་ཁང་ནང་དམག་མིས་བཙན་གཡེམ་བྱེད་པ་སོགས་ཀྱི་གནས་ཚུལ་ཐོན་ཡོད་པ་འགྲེལ་བརྗོད་གནང་མཁན་བྱུང་ལ། སྤྱི་ཟླ་བཞི་པའི་ཚེས་༢༣་ཉིན་ཁམས་དཀར་མཛེས་བྲག་དཀར་དགོན་པའི་བཙུན་མ་གཉིས་དཀར་མཛེས་ཁུལ་ཁྲོམ་སྲང་ལ་རྒྱུགས་ནས་ཞི་བའི་ངོ་རྒོལ་སྐད་འབོད་བྱས་ཡོད་པའི་ཐད་རྒྱ་གར་ལྷོ་ཕྱོགས་ཀྱི་མིང་བརྗོད་འདོད་མེད་པའི་གྲྭ་བ་ཞིག་གིས་གནས་ཚུལ་འགྲེལ་བརྗོད་གནང་དོན་ནང་། སྤྱི་ཟླ་བཞི་པའི་ཚེས ༢༣ ལ་དཀར་མཛེས་ཁུལ་ཐོག་ཏུ་བྲག་དཀར་དགོན་པའི་སེར་ཤུལ་སྟེང་ནས་ཡིན་པའི་ལོ་༣༡་ཡིན་པའི་བཙུན་མ་

ལྷ་དགའ་དང་གཞན་པ་བཙུན་མ་ལོ་༣༠་ཡིན་པའི་བསོད་ནམས་བདེ་ཆེན་གཉིས་ཀྱིས་སྐད་འབོད་དང་ལག་པས་བྲིས་པའི་ཡིག་ཆ་བཀྲམ་ཡོད་ལ།ཡིག་ཆའི་ནང་༧གོང་ས་མཆོག་སྐུ་ཚེ་བརྟན་པར་ཤོག་དང་བོད་རང་བཙན་གཙང་མ་ཡིན་ཞེས་པ་སོགས་རླང་རྟ་དང་མཉམ་དུ་གཏོར་ཡོད་པར་བརྟེན་ས་གནས་ཉེན་རྟོག་པས་འཛིན་བཟུང་བྱས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎