མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་མཐོ་གྲས་ཤིག་བྱང་ཀོ་རི་ཡར་ཕེབས་ཡོད་འདུག

2017-12-05
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་མཐོ་གྲས་(Jeffery Feltman) མཆོག་བྱང་ཀོ་རི་ཡར་ཕེབས་འབྱོར་སྐབས། ༢༠༡༧།༡༢།༥
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་མཐོ་གྲས་(Jeffery Feltman) མཆོག་བྱང་ཀོ་རི་ཡར་ཕེབས་འབྱོར་སྐབས། ༢༠༡༧།༡༢།༥
AFP/YT

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་མཐོ་གྲས་(Jeffery Feltman) མཆོག་བྱང་ཀོ་རི་ཡར་ཕེབས་ཡོད་འདུག
དེ་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་(Jeffery Feltman) མཆོག་འདི་ཚེས་༥་གཟའ་མིག་དམར་ཉིན་བྱང་ཀོ་རི་ཡར་འབྱོར་ནས་བྱང་ཀོ་རི་ཡའི་རྡུལ་ཕྲན་གོ་མཚོན་བཟོ་སྐྲུན་ལས་གཞི་འཚམས་འཇོག་དང་འབྲེལ་བའི་གནད་དོན་ཆེད་ཡུལ་གྲུ་དེའི་ནང་ཉིན་གྲངས་གསུམ་རིང་འཚམས་གཟིགས་གནང་རྒྱུ་ཡིན་ཞིང་། དེ་ནི་ལོ་ངོ་དྲུག་གི་རྗེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཞིག་བྱང་ཀོ་རི་ཡར་ཕེབས་པ་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད།   མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་མཐོ་གྲས་(Feltman)་དང་བྱང་ཀོ་རི་ཡའི་ཕྱི་སྲིད་བློན་ཆེན་དབར་ཐུགས་འཕྲད་གནང་ཡོད་པ་དང་། ཁོང་ད་རེས་བྱང་ཀོ་རི་ཡའི་ནང་ཕེབས་ཡས་དེ་ཡང་ཨ་རི་དང་ལྷོ་ཀོ་རི་ཡའི་དབར་གཞི་རྒྱ་ཆེ་བའི་ཟུང་འབྲེལ་དམག་དོན་སྦྱོང་བརྡར་བྱས་ནས་ཉིན་གཅིག་གི་རྗེས་བྱང་ཀོ་རི་ཡར་ཕེབས་པ་ཞིག་ཡིན་ཞིང་། ཨ་རི་དང་ལྷོ་ཀོ་རི་ཡའི་དབར་དུས་ཡུན་ཉིན་གྲངས་ལྔའི་རིང་གི་དམག་དོན་སྦྱོང་བརྡར་དེའི་རིང་དམག་གི་གནམ་གྲུ་༢༣༠་དང་། དམག་མི་ཁྲི་ལྷག་མཉམ་བཞུགས་བྱས་ཡོད་པ་རེད་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆབ་སྲིད་སྡེ་ཚན་གྱི་དྲུང་ཆེ་གཞོན་པ་(Jeffery Feltman)་གཟའ་ཟླ་བའི་ཉིན་པེ་ཅིན་དུ་འབྱོར་ཡོད་པ་དང་། རྒྱ་ནག་ཏུ་འབྱོར་སྐབས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་དང་ཐུགས་འཕྲད་གནང་ཏེ་གཟའ་མིག་དམར་ཉིན་བྱང་ཀོ་རི་ཡར་ཕེབས་ཡོད་པ་རེད།
མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མགྲིན་ཚབ་པས་དེའི་སྐོར་འགྲེལ་བརྗོད་གནང་བའི་ནང་། སྐུ་ཞབས་(Feltman)་བྱང་ཀོ་རི་ཡའི་ནང་ཕེབས་རིང་ཡུལ་དེའི་དཔོན་རིགས་དང་ལྷན་དུ་ཕྱོགས་གཉིས་ཀས་དོ་སྣང་བྱེད་སའི་གནད་དོན་ཁག་གི་ཐོག་གྲོས་མོལ་གནང་རྒྱུ་ཡིན་པ་དང་།  དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྱང་ཀོ་རི་ཡའི་ནང་སྤེལ་བཞིན་པའི་ལས་གཞི་ཁག་གི་ཐོག་གཟིགས་སྐོར་གནང་རྒྱུ་ཡིན་པ་རེད།
ལྷོ་ཀོ་རི་ཡ་ཕྱོགས་ནས་ད་རེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་དཔོན་རིགས་བྱང་ཀོ་རི་ཡར་ཕེབས་ནས་ཀོ་རི་ཡ་ཕྱེད་གླིང་ནང་རྡུལ་ཕྲན་གྱི་གོ་མཚོན་མེད་པའི་ལམ་བུར་བསྐྱོད་རྒྱུར་ཕན་ཐོག་ཡོང་བའི་རེ་བ་བྱེད་བཞིན་ཡོད་པ་ལྷོ་ཀོ་རི་ཡའི་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པས་འགྲེལ་བརྗོད་བྱས་འདུག

གསར་འགོད་པ་འཆི་མེད།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།