བྱང་ཀོ་རི་ཡར་དཔལ་འབྱོར་གྱི་ཉེས་ཆད་སྣོན་མ་འགེལ་རྒྱུ།


2016.02.11
བྱང་ཀོ་རི་ཡའི་དབུ་ཁྲིད་Kim Jong-Unརྒྱང་ཐག་རིང་པོར་སྙོབས་ཐུབ་པའི་མེ་ཤུགས་འཕུར་མདེལ་གཏོང་སྐབས། ༢༠༡༦།༢།༧ བྱང་ཀོ་རི་ཡའི་དབུ་ཁྲིད་Kim Jong-Unརྒྱང་ཐག་རིང་པོར་སྙོབས་ཐུབ་པའི་མེ་ཤུགས་འཕུར་མདེལ་གཏོང་སྐབས། ༢༠༡༦།༢།༧
KCNA

དེ་ཡང་ཟླ་བ་འདིའི་ཚེས་༦ཉིན་བྱང་ཀོ་རི་ཡས་རྒྱང་ཐག་རིང་པོར་སྙོབས་ཐུབ་པའི་མེ་ཤུགས་འཕུར་མདེལ་ཞིག་བར་སྣང་ཐོག་བཏང་བ་དེར་སྐྱོན་བརྗོད་དང་ངོ་རྒོལ་བྱ་ཆེད། འདི་ཚེས་༡༡ ཉིན་ཡུལ་དེའི་ཐོག ཨ་རི་དང་ལྷོ་ཀོ་རི་ཡ་གཉིས་ཀྱིས་དཔལ་འབྱོར་གྱི་ཉེས་ཆད་སྣོན་མ་འགེལ་རྒྱུའི་ཐག་གཅོད་བྱས་འདུག
འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་བཀག་སྡོམ་ལ་བལྟོས་མེད་ཀྱིེས། བྱང་ཀོ་རི་ཡས་འདི་ལོའི་ཕྱི་ཟླ་༡པོའི་ཚེས་༦ཉིན། རྡུལ་ཕྲན་མཚོན་ཆའི་ཚོད་ལྟ་བྱས་བ་དང་། དེ་རྗེས་འདི་ཚེས་༦ཉིན་བར་སྣང་དུ་རྒྱང་ཐག་རིང་པོར་སྙོབས་ཐུབ་པའི་མེད་ཤུགས་འཕུར་མདེལ་ཞིག་བཏང་བར། ཉེས་ཆད་ཇི་འདྲ་ཞིག་གཏོང་དགོས་མིན་ཐད་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་ཁོངས་རྒྱལ་ཁབ་ཚོའི་དབར་ཐག་མ་ཆོད་པར་ལུས་ཡོད་པའི་སྐབས་འདིར། འདི་ཚེས་༡༡ཉིན་ཨ་རི་དང་ལྷོ་ཀོ་རི་ཡ་གཉིས་ཀྱིས་བྱང་ཀོ་རི་ཡའི་ཐོག་དཔལ་འབྱོར་གྱི་ཉེས་ཆད་སྣོན་མ་འགེལ་རྒྱུའི་ཐག་གཅོད་གསལ་བསྒྲགས་གནང་བ་དང་ཆབས་ཅིག ཨ་རིའི་གྲོས་ཚོགས་གོང་མའི་ནང་དཔལ་འབྱོར་ཉེས་ཆད་སྣོན་མ་དེ་དག་ལག་བསྟར་བྱ་རྒྱུར་སྤྱི་མོས་ཀྱི་ཐོག་ནས་ཁྲིམས་ཡིག་ཞིག་གཏན་འབེབ་གནང་ཡོད་པ་རེད།
ཡང་ལྷོ་ཀོ་རི་ཡ་གཞུང་གིས། ཀོ་རི་ཡ་ལྷོ་བྱང་གཉིས་ཀྱི་ས་མཚམས་ས་གནས་Kaesongཞེས་པར། རྒྱལ་ཁབ་གཉིས་ཟུང་འབྲེལ་གྱི་ཐོག་ནས་འཛིན་སྐྱོང་བྱེད་བཞིན་པའི་བཟོ་གྲ་ཆེན་པོ་ཞིག་ཡོད་པ་དེ་ནས་ལྷོ་ཀོ་རི་ཡའི་ལས་མི་ཡོངས་རྫོགས་ཕྱིར་འཐེན་བྱེད་འགོ་བཙུགས་ཡོད་པ་དང༌། ཨ་རིའི་གྲོས་ཚོགས་ཀྱིས་གཏན་འབེབ་གནང་བའི་ཁྲིམས་ཡིག་དེའི་ཐོག་ནས་བྱང་ཀོ་རི་ཡའི་མི་སེར་རྣམས་ཕྱིའི་རྒྱལ་ཁབ་ཁག་ཏུ་འགྲོ་བསྐྱོད་བྱ་རྒྱུ་དང༌། དེ་བཞིན་བྱང་ཀོ་རི་ཡས་ཕྱིའི་རྒྱལ་ཁབ་ཁག་དང་མཉམ་ཚོང་ལས་སྤེལ་རྒྱུ་ཁག་ཏུ་གཏོང་རྒྱུ་སོགས་ཀྱི་བརྗོད་དོན་བཀོད་ཡོད་པ་རེད།

གསར་འགོད་པ་ངག་ཆོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་དགུང་གྲངས་༥༢ཐོག་འདས་གྲོངས་སུ་ཕྱིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎